ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

པཱོ་ཞི་ལེ་ཡི་དྲག་རྡུང་གི་གླེང་རྩོད།


ཉེ་ཆར་རྒྱ་ནག་གཞུང་གིས་ཁྲུང་ཆིང་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་པཱོ་ཞི་ལེ་གནས་དབྱུང་བཏང་བ་དང་། ད་སྡ་་རྒྱ་ནག་གཞུང་གིས་པཱོ་ཞི་ལེ་གནས་དབྱུང་གཏོང་དགོས་པའི་རྒྱུ་རྐྱེན་ངོ་མ་ཅི་ཡིན་འགྲེལ་བཤད་གསལ་བོ་ཞིག་རྒྱག་གི་མེད་རུང་། ཕྱི་ལོ་༢༠༠༩་ལོར་པཱོ་ཞི་ལེ་ཡིས་ཕྱོགས་གཅིག་ནས་ཁྲིམས་འགལ་གྱི་རུ་ཚོགས་དང་སྒྲིག་འཛུགས་ཁག་ལ་གཏོར་རྒོལ་གཏོང་དགོས་ཞེས་ལས་འགུལ་སྤེལ་པ་དང་། ཁོང་གིས་ཕྱོགས་གཞན་ཞིག་ནས་རྒྱ་ནག་གི་དམར་ཤོག་ལམ་ལུགས་སླར་གསོ་བྱེད་དགོས་ཞེས་རིག་གནས་གསར་བརྗེའི་དུས་སྐབས་ཀྱི་གླུ་དབྱངས་དང་ཟློས་གར་འཁྲབ་སྟོན་སོགས་དར་སྤེལ་བཏང་བ་ནས་བཟུང་། རྒྱ་ནག་གི་སྤྱི་ཚོགས་སུ་པཱོ་ཞི་ལེ་ལ་མི་མང་ཁག་ཅིག་གིས་རྒྱབ་སྐྱོར་དང་དགའ་མོས་བྱས་ནས་སྙན་གྲགས་རྒྱས་པ་དང་། མི་མང་ཁག་ཅིག་གིས་པཱོ་ཞི་ལེ་དུས་རབས་༢༡་པའི་རྒྱ་ནག་དམར་ཤོག་གི་འཇིགས་སྐུལ་རིང་ལུགས་པ་ཞིག་རེད་ཅེས་སྐྱོན་བརྗོད་བྱེད་རྒྱུ་འགོ་ཚུགས་ཡོད་པ་རེད།

XS
SM
MD
LG