ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཨ་རིས་རྒྱལ་ཁབ་གཞན་ལ་སྨན་ཁབ་བགོ་འགྲེམ་བྱ་འཆར།


༄༅།། ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཆེས་མང་ཤོས་ཡོད་པས་ནད་དུག་སྔོན་འགོག་གི་སྨན་ཁབ་ཕྱིའི་རྒྱལ་ཁབ་ཁག་ལ་བགོ་འགྲེམ་བྱེད་ཐུབ་མེད་ཅིང་། ད་ལྟ་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་གྱིས་ཨ་མི་རི་ཀར་སྨན་ཁབ་འདང་ངེས་ཤིག་བྱུང་བའི་མཚམས་སུ་ཕྱིའི་རྒྱལ་ཁབ་ཁག་ལ་ཨ་མི་རི་ཀས་བཟོས་པའི་སྨན་ཁབ་རྣམས་བགོ་འགྲེམ་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པར་མ་ཟད། ཨ་མི་རི་ཀར་མི་འབོར་དུང་ཕྱུར་༣་དང་ཕྱེད་ཀ་མ་ཟིན་ཙམ་ཞིག་ཡོད་པ་དེའི་མི་འབྱོར་བརྒྱ་ཆ་༡༩་ལ་སྨན་མཐུན་གཉིས་ཀའི་འགོག་ཁབ་ཆ་ཚང་བརྒྱབ་ཟིན་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་རྒྱལ་མཚན་ཚེ་རིང་གིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་རྒྱུ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG