ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིའི་ཕྱི་སྲིད་དྲུང་ཆེས་༧གོང་ས་མཆོག་གི་སྐུ་ཚབ་ལ་མཇལ་འཕྲད།


༄༅།། ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་གསལ་བསྒྲགས་སྤེལ་བ་ལྟར་ན། དེ་རིང་རེས་གཟའ་ལྷག་པ་སྟེ། ཕྱི་ཟླ་༧་པའི་ཚེས་༢༨་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ཎི་བྷ་ལིན་ཁེན་གྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་བོད་ཀྱི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་ལ་མཇལ་འཕྲད་གནང་ཡོད་ཅིང་། དེ་ཡང་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་གསལ་བསྒྲགས་དེར་ད་ནངས་སྔ་དྲོར་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་གྱིས་ལྡི་ལི་གསར་པར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་འབྲོང་ཆུང་དངོས་གྲུབ་ལ་འཁྱུག་ཙམ་རིང་མཇལ་འཕྲད་གནང་རྒྱུའི་གོ་སྐབས་བྱུང་སོང་ཞེས་འཁོད་འདུག

XS
SM
MD
LG