ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་སོགས་ཀྱིས་རྒྱ་ནག་ལ་སྐྱོན་བརྗོད།


༄༅།། ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་དང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་སྤྱི་ཟླ་༥་པའི་ཚེས་༢༧་ཏེ། རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གཞུང་གིས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་མི་ཟུར་པ་ཇཱོ་ཎི་མུར་ལ་ཉེས་ཆད་བཅད་པར་སྐྱོན་བརྗོད་བྱས་ཡོད་ཅིང་། སྐུ་ཞབས་མུར་གྱིས་ཨ་རིའི་རླུང་འཕྲིན་ཁང་གི་བཅར་འདྲི་དང་ལེན་གནང་སྟེ་ཁོང་ལ་རྒྱ་ནག་གི་ཉེས་ཆད་བཅད་པ་ནི་སྒེར་ངོས་ནས་གཟི་བརྗིད་ཅིག་ལ་ངོས་འཛིན་ཞུ་ཡི་ཡོད། ངས་མུ་མཐུད་དུ་རྒྱ་ནག་དམར་ཤོག་གཞུང་གིས་ཆོས་ལུགས་དད་མོས་རང་དབང་ལ་རྡོག་རོལ་གཏོང་བཞིན་པ་དང་དམར་ཤོག་གི་དྲག་གནོན་འོག་ཏུ་ཚུད་ཡོད་པའི་མི་ཡོད་ཚད་ཀྱི་ཆེད་དུ་སྐད་ཆ་བཤད་རྒྱུ་ཡིན་ཞེས་གསུངས་ཡོད་པའི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG