ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཆབ་མདོ་ཀརྨ་ཤང་གི་ལས་ཁུངས་འབར་རྫས་ཀྱིས་འགད་གཏོར།


ཕྱི་ཟླ་༡༠་ཚེས་༢༦་ཉིན་བོད་རང་སྐྱོང་ལྗོངས་ཀྱི་ཆབ་མདོ་རྫོང་ཁོངས་སུ་ཡོད་པའི་ཀརྨ་ཤང་ས་གནས་སྲིད་གཞུང་གི་ལས་ཁུངས་ལ་འབར་རྫས་ཀྱིས་འགད་གཏོར་བཏང་རུང་མི་ལ་འཆི་རྨས་སོགས་ཀྱི་གནོད་སྐྱོན་བྱུང་མེད་པ་དང་། ད་སྔ་ཀརྨ་ཤང་ས་གནས་སྲིད་གཞུང་གི་ལས་ཁུངས་ལ་འབར་མདེལ་གྱིས་འགད་གཏོར་གཏོང་མཁན་སུ་ཡིན་ཤེས་རྟོགས་མི་ཐུབ་ཀྱང་ཀརྨ་ཤང་ས་གནས་སྲིད་གཞུང་གི་ལས་ཁུངས་གཏོར་བཤིག་ཕོག་པ་དེའི་རྩིག་གྱང་ངོས་སུ་བོད་རང་བཙན་ཡིན་ཞེས་བྲིས་པའི་ཡིག་ཆ་སྦྱར་ཡོད་པ་དང་། རྒྱ་ནག་གཞུང་གིས་ཀརྨ་ཤང་གི་ཉེ་འཁྲིས་སུ་ཡོད་པའི་ཀརྨེ་དགོན་པ་སྒོ་བརྒྱབ་ཡོད་པ་མ་ཟད། ཆབ་མདོ་ཁུལ་དང་ཤང་ཁག་སོ་སོའི་བར་གྱི་འགྲིམ་འགྲུལ་བཀག་སྟེ་དམ་དྲག་ཆེན་པོ་དང་། ད་ལྟ་གང་ཅིའི་གནས་སྟངས་ཛ་དྲག་ཅན་ཞིག་ལ་གྱུར་ཡོད་པའི་སྐོར། བསོད་ནམས་གཡང་འཛོམས་ཀྱིས་ཕྱོགས་བསྒྲིགས་བྱས་པའི་གནས་ཚུལ་ཞིབ་ཕྲ་དེར་གསན་རོགས་གནང་།

XS
SM
MD
LG