ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བོད་པར་བསྡོས་པའི་ཞབས་བྲོ་རྒྱ་ནག་གི་འགྲེམས་སྟོན་ཁོངས་ནས་ཕྱིར་འཐེན།


དབྱིན་ཇི་བ་ཕི་ཀྲར་ཝེ་ཡེར་ནི་སྒྲ་དབྱངས་ཙོམ་པ་པོ་ཞིག་ཡིན་པ་དང་། ཁོང་གིས་གསར་ཙོམ་བྱས་པའི་ཐག་རིང་གི་མཚོ་འགྲམ་ཞེས་བའི་སྒྲ་དབྱངས་དེ་དབྱིན་ཇིའི་བྷེ་ལེ་ཞབས་བྲོ་ཞིག་ལ་ལྷན་སྦྱོར་བྱས་ཡོད་པ་སྟེ། དབྱིན་ཇིའི་ཟློས་གར་ཚོགས་པ་དེ་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་ལ་ཚོགས་ཡོད་པའི་རིག་གཞུར་འགྲེམས་སྟོན་ཆེན་མོར་མཉམ་ཞུགས་བྱས་ཡོད་པ་དང། ཁོང་ཚོས་ཕི་ཀྲར་ཝེ་ཡར་གྱིས་གསར་ཙོམ་བྱས་པའི་སྒྲ་དབྱངས་ལྷན་སྦྱོར་ཞབས་བྲོ་དེ་འཁྲབ་སྟོན་བྱ་འཆར་ཡོད་ཀྱང་། ཙོམ་པ་པོས་རང་གི་བཙམས་ཆོས་སྒྲ་དབྱངས་དེ་བོད་མི་དམངས་ཀྱི་ཆེད་དུ་བསྡོ་བྱང་བྱས་ཡོད་པར་བརྟེན་ཧྲང་ཧེ་གྲོང་ཁྱེར་དུ་བཅའ་སྡོད་དབྱིན་ཇིའི་དོན་གཅོད་ཁང་དང་ རྒྱལ་ཡོངས་ཝེ་ལེ་ཞབས་བྲོ་ཚོགས་པས་སྒྲ་དབྱངས་ལྷན་སྦྱོར་ཞབས་བྲོ་དེ་ཧྲང་ཧེ་གྲོང་ཁྱེར་གྱི་རིག་གཞུང་འགྲེམས་སྟོན་ཆེན་མོར་འཁྲབ་སྟོན་བྱ་རྒྱུ་ཕྱིར་འཐེན་བྱས་ཡོད་སྟབས་ སྒྲ་དབྱངས་ཙོམ་པ་པོ་ཕི་སྐྲར་ཝེ་ཡར་གྱིས་དབྱིན་ཇིའི་གཞུང་དང་རྒྱལ་ཡོངས་བྷེ་ལོ་ཞབས་བྲོ་ཚོགས་པའི་ཐག་གཅོད་དེར་བློ་ཕམ་དང་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG