ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བིན་ལ་ཌན་གྱི་ཡིག་ཆ་ཁག་ཅིག་འགྲེམ་སྤེལ།


ཕྱི་ལོ་༢༠༡༡་གི་ཟླ་བ་༥་ཚེས་༢་ཉིན་ཨ་མི་རི་ཀའི་འཕྲལ་སྒྲུབ་དམག་གིས་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་པའི་འགོ་གཙོ། ཨོ་ས་མ་བིན་ལ་ཌན་པ་ཀི་སི་ཐན་གྱི་ཨ་བྷོ་དྷ་བྷཋ་ས་གནས་སུ་བསད་པ་དང་། སྐབས་དེར་ཨ་མི་རི་ཀའི་དམག་གིས་བིན་ལ་ཌན་གྱི་ཁང་པའི་ནང་ནས་བརྙན་འཕྲིན་འཁོར་ཐག་དང་ཉིན་དེབ། འཕྲིན་ཡིག་བཅས་ཡིག་ཆ་སྟོང་ཕྲག་༦་ལྷག་འཁྱེར་པ་དང་། ཨ་མི་རི་ཀའི་གསང་བའི་ལས་ཁང་གིས་འདས་པའི་ལོ་ངོ་བཅུ་ཡས་མས་ཤིག་ལ་ཨོ་ས་མ་བིན་ལ་ཌན་ཇི་ལྟར་འཚོ་གནས་ཐུབ་ཡོད་མེད། ཁོ་ལ་སུས་རྒྱབ་སྐྱོར་དང་འགེབས་སྲུང་བྱས་ཡོད་མེད་ཞིབ་འཇུག་བྱེད་ཀྱི་ཡོད་ཀྱང་། ཁ་སང་ཕྱི་ཟླ་༥་ཚེས་༣་ཉིན་ཨ་རིའི་གཞུང་གིས་བིན་ལ་ཌན་བསད་ནས་ལོ་གཅིག་འཁོར་པའི་དུས་ཚིགས་ལ་བསྟུན་ནས་ཡིག་ཆ་ཁག་༡༧་སྟེ། ཁྱོན་བསྡོམས་ཤོག་གྲངས་༡༧༥་ཡོད་པའི་བིན་ལ་ཌན་གྱི་ཡིག་ཆ་ཞིག་དྲ་ལམ་ལ་འགྲེམ་སྤེལ་ཡོད་པ་རེད།

XS
SM
MD
LG