ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བྷར་མའི་ནང་འབྱུང་བཞིན་པའི་དྲག་སྤྱོད་དེ་ཚོ་མཐོང་དུས་འཛམ་གླིང་ཞེ་ཁྲེལ་གྱི་ཡོད་པ།


ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་བྷིལ་ ཀི་ལིན་ཏྲོན་བྷར་མའི་ནང་ཕེབས་ཏེ། ཡུལ་དེའི་གཞུང་འབྲེལ་མི་སྣ་དང་གྲོས་ཚོགས་ཀྱི་འཐུས་མི་བཅས་དང་མཇལ་འཕྲད་གྲོས་མོལ་གནང་ཡོད་པ་དང་། ཁོང་གིས་དེ་གར་གལ་ཆེའི་གཏམ་བཤད་ཅིག་གནང་སྟེ། བྷར་མ་དམངས་གཙོའི་ཕྱོགས་སུ་སྐྱོད་བཞིན་པའི་སྐབས་འདིར། འཛམ་གླིང་མི་དམངས་ཀྱིས་ཁྱེད་ཚོ་ལམ་འགྲོ་ཡོང་བའི་རེ་བ་དང་སྨོན་འདུན་བྱེད་ཀྱི་ཡོད་ཀྱང་། ད་ལྟ་འདི་གར་ཆོས་ལུགས་འཐེན་འཁྱེར་དང་འབྲེལ་བའི་དྲག་སྤྱོད་ཀྱི་དོན་རྐྱེན་གནས་ཚུལ་ཚབས་ཆེན་ཡོང་གི་ཡོད་པ་དེ་ཚོ་མཐོང་དུས། འཛམ་གླིང་ཞེ་ཁྲེལ་གྱི་ཡོག་རེད་ཅེས་གསུངས་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས། དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།།
XS
SM
MD
LG