ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

པེ་ཅིང་གི་རྩོད་འགྲན་ལ་མཉམ་ཞུགས་བྱེད་མི་རུང་བའི་ལས་འགུལ།


༄༅།། ལ་དྭགས་བསོད་ནམས་གླིང་གཞི་ཆགས་ཀྱི་བོད་པ་བསྟན་འཛིན་ལྷ་རྒྱལ་དང་ཀརྨ་བསོད་ནམས་གཉིས་ཀྱིས་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་སུ་རང་དབང་ཐབས་རྩོད་ཀྱི་རྒྱབ་སྐྱོར་ལས་འགུལ་ཚོགས་པ་ཞེས་པ་ཞིག་གསར་དུ་བཙུགས་ཡོད་ཅིང་། ཁོང་ཚོས་གཟའ་སྤེན་པའི་ཉིན་དེར་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ཕིཀ་རྩེད་འགྲན་པེ་ཅིང་དུ་འཚོགས་གཏན་ཁེལ་བ་དེར་མཉམ་ཞུགས་བྱེད་མི་རུང་ཞེས་ལ་དྭགས་ཀྱི་རྒྱལ་ས་སླེ་ནས་མཁར་རྫོང་ལ་བར་དུ་འཕྲུལ་རྟ་བཞོན་ནས་སྐོར་སྐྱོད་ལས་འགུལ་ཞིག་སྤེལ་ཡོད་པར་མ་ཟད། ལ་དྭགས་ཀྱི་ས་གནས་གཞུང་དང་ཡུལ་མི་ཚོས་བོད་དོན་ལས་འགུལ་དེར་ཆོག་མཆན་སྤྲད་ནས་རྒྱབ་སྐྱོར་བྱས་འདུག

བོད་དོན་ལས་འགུལ་བ་བསྟན་འཛིན་ལྷ་རྒྱལ་དང་ཀརྨ་བསོད་ནམས་གཉིས་ཀྱིས་ཐེངས་དེའི་ལས་འགུལ་བརྒྱུད་ནས་ཨ་རིའི་རྒྱལ་ཡོངས་སིལ་སྤོལ་རྩེད་འགྲན་པ་ཨེ་ནེ་སི་ཁན་ཊར་གྱིས་བོད་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་ཆེ་ཞུས་ཤིང་། ཁོང་ཚོས་ལ་དྭགས་མི་དམངས་ལ་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པ་སོགས་ངོ་སྤྲོད་དང་པེ་ཅིང་དུ་འཚོགས་ལ་ཉེ་བའི་དགུན་ཁའི་ཨོ་ལིམ་ཕིཀ་རྩེད་འགྲན་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་མཇུག་མ་བསྒྲིལ་བར་དང་ལ་དྭགས་ལ་འཁྱག་ཤུད་ཧོ་ཀི་རྩེད་འགྲན་འཚོགས་ཀྱི་ཡོད་པའི་སྐབས་བཅས་ལ་ལས་འགུལ་སྤེལ་འཆར་ཡོད་ཅེས་བསྒྲགས་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལའི་གསར་འགོད་པ་བསྟན་འཛིན་དབང་འདུས་ཀྱིས་བཏང་བའི་གནས་ཚུལ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG