ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨུ་རུ་སུས་གཏོར་རྒོལ་ཤུགས་ཆུང་དུ་གཏོང་རྒྱུའི་སྐད་ཆར་ཡིད་རྟོན་དཀའ་བ།


༄༅།། ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་རྒྱལ་ས་ཀིབ་གྲོང་ཁྱེར་དང་བྱང་ཕྱོགས་ཀྱི་ཆི་ནི་ཧིབ་གྲོང་ཁྱེར་སོགས་ལ་གཏོར་རྒོལ་བྱ་རྒྱུ་ཤུགས་ཆུང་དུ་གཏོང་རྒྱུ་ཡིན་ཞེས་ཁས་ལེན་བྱས་ཀྱང་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་ཁས་ལེན་དེ་གཡོ་སྒྱུ་ཞིག་ཡིན་སྲིད་པའི་དོགས་ཟོན་བྱེད་ཀྱི་ཡོད་ཅིང་། གཟའ་མིག་དམར་ཉིན་ཡུཀ་རེན་དང་ཨུ་རུ་སུའི་སྐུ་ཚབ་ཚོས་གྲོས་མོལ་བྱས་པའི་རྗེས་སུ་ཨུ་རུ་སུའི་གཞུང་གིས་ཁས་ལེན་དེ་འདྲ་ཞིག་བྱས་ཀྱང་རེས་གཟའ་ལྷག་པའི་ཉིན་ཡུཀ་རེན་གྱི་གྲོང་ཁྱེར་ཁག་ལ་གནམ་དམག་གིས་མུ་མཐུད་དེ་གཏོར་རྒོལ་བྱས་ཡོད་པའི་སྐོར། རིག་འཛིན་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG