ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཨ་རིའི་དམག་མི་གསོད་མཁན་ཚོར་དགྲ་ལན་སློག་རྒྱུ།


༄༅།། གཟའ་ཕུར་བུའི་ཉིན་ཨབ་གྷ་ཎི་སི་ཐན་གྱི་རྒྱལ་ས་ཀ་བྷུལ་རྒྱལ་སྤྱིའི་གནམ་ཐང་གི་ཕྱི་ལོགས་སུ་ཁ་ཆེ་རྒྱལ་ཁམས་པས་འབར་མདེལ་གྱིས་གཏོར་རྒོལ་བྱས་ནས་ཨ་རིའི་དམག་མི་༡༣་དང་ཨབ་ཧན་གྱི་མི་མང་༡༠༠་ལྷག་དམར་གསོད་བྱས་ཤིང་། སྲིད་འཛིན་བྷ་ཌན་གྱིས་འཇིགས་སྐུལ་རིང་ལུགས་པར་དགྲ་ལན་སློག་རྒྱུ་ཡིན་ཞེས་ངར་སྐད་བསྒྲགས་པ་དང་ཀ་བྷུལ་གནམ་ཐང་གི་ཕྱི་ལོགས་སུ་ཨ་རིའི་དམག་མི་ཚོས་ཨབ་ཧན་གྱི་མི་མང་ཉེན་བྱོལ་བ་རྣམས་སྐྱོབ་ལེན་བྱེད་ཀྱི་ཡོད་པའི་སྐབས་སུ་འཇིགས་སྐུལ་རིང་ལུགས་པ་ཞིག་གིས་རང་སྲོག་བློས་བཏང་ནས་གཏོར་རྒོལ་བྱས་པར་མ་ཟད། ད་ལྟ་ཨ་རིའི་རྒྱལ་དར་ཕྱེད་ཀ་བར་དུ་མར་ཕབ་ནས་མྱ་ངན་ཞུ་བཞིན་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་འཕྲིན་ལས་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུ་ཡིས་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG