ངོ་འཕྲད་བདེ་བའི་དྲ་འབྲེལ།

བྷ་ཌན་གྱིས་མནའ་འབྲེལ་བསྒྲིགས་ནས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ།


༄༅།། ཨ་རིའི་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཕྱི་ཟླ་༡༢་པའི་ཚེས་༢༨་ཉིན་གཏམ་བཤད་བྱས་པ་ལྟར་ན། ཨ་མི་རི་ཀ་དང་རྒྱ་ནག་གི་འགྲན་རྩོད་ནི་ཚོང་ལས་དང་ཚན་རིག་ལག་རྩལ། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོན་བྱེད་ཀྱི་ཡོད་པ་སོགས་གནད་དོན་མང་དག་ཅིག་ལ་ཐུག་ཡོད་ཅིང་། ང་ཚོས་ལྟ་གྲུབ་གཅིག་མཚུངས་འཛིན་པའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་བྱས་ནས་ཐུན་མོང་གི་ཁེ་ཕན་བསྒྲུབ་རྒྱུ་དང་ལྟ་གྲུབ་ཀྱི་རིན་ཐང་ལ་སྲུང་སྐྱོབ་བྱས་ནས་མ་འོངས་པར་ཨ་མི་རི་ཀ་སྔར་ལས་སྟོབས་ཤུགས་ལྡན་པ་ཞིག་ཏུ་བསྒྱུར་དགོས་ཞེས་གསལ་སྟོན་གནང་ཡོད་པའི་སྐོར། འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG