ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཨ་རིས་འཛམ་གླིང་ལ་འགོག་ཁབ་འགོ་འགྲེམ་གྱི་ཐབས་ཇུས་གཏན་འབེབས།


༄༅།། ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། སྲིད་འཛིན་ཇཱོ་བྷ་ཌན་གྱིས་སྲིད་དབང་འགན་བཞེས་གནང་ནས་བཟུང་སྟེ་ཏོག་དབྱིབས་ནད་དུག་འགོག་སྲུང་གི་བྱ་བཞག་ལ་ཤུགས་སྣོན་ཆེན་པོ་བསྐྱོན་གྱི་ཡོད་ཅིང་། ཁོང་གིས་ཕྱི་ཟླ་དང་པོའི་ཚེས་༢༡་ཉིན་ཤོག་གྲངས་༢༠༠་ཙམ་ཡོད་པའི་འཆར་གཞི་ཞིག་གསལ་བསྒྲགས་གནང་སྟེ་རྒྱལ་ཁབ་ཕྱི་ནང་གཉིས་སུ་ཏོག་དབྱིབས་ནད་དུག་ལ་འགོག་སྲུང་ནན་མོ་བྱ་རྒྱུ་དང་མ་འོངས་པར་ནད་ཡམས་དེའི་རིགས་ལ་སྔོན་འགོག་གི་གྲ་སྒྲིག་གང་ལེགས་བྱ་རྒྱུའི་ཁས་ལེན་གནང་ཡོད་པ་རེད། ད་ལྟ་མི་མང་པོ་ཞིག་གིས་རྒྱ་གར་དང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ལ་གཟའ་འཁོར་ཅིག་གི་ནང་དུ་ནད་པ་ས་ཡ་ལྔ་ལྷག་ཐོན་གི་ཡོད་པས་སྲིད་འཛིན་བྷ་ཌན་གྱིས་ནད་དུག་སྔོན་འགོག་ཆེད་དུ་ཨ་རིའི་སྨན་ཁབ་ཀྱི་རིག་དངོས་བདག་དབང་བློས་བཏང་སྟེ་རྒྱལ་ཁབ་དེ་ཚོར་ཨ་མི་རི་ཀའི་སྨན་ཁབ་བཟོ་རུ་འཇུག་རྒྱུའི་ཐག་གཅོད་གནང་བར་བསྔགས་བརྗོད་བྱེད་བཞིན་ཡོད་པའི་གནས་ཚུལ་ཁག་ཅིག་ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG