ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཊིག་ཊོཀ་དང་སྐད་འཕྲིན་ལ་ཞིབ་བཤེར་མཇུག་སྒྲིལ་མེད་པ།


༄༅།། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་ཨ་རིའི་རྒྱལ་སྲུང་ལ་ཉེན་ཁ་ཡོད་པའི་དོགས་གཞིའི་འོག་རྒྱ་ནག་གི་སྐད་འཕྲིན་དང་ཊིག་ཊོཀ་བརྡ་འཕྲིན་བཀོལ་ཆས་གཉིས་བཀག་སྡོམ་བྱ་རྒྱུའི་ཁྲིམས་གཞི་བཏོན་པ་སྤྱི་ཟླ་༦་པའི་ཚེས་༩་སྟེ། རེས་གཟའ་ལྷག་པའི་ཉིན་སྲིད་འཛིན་ལས་ཐོག་ཇཱོ་བྷ་ཌན་གྱིས་ཕྱིར་འཐེན་བྱ་དགོས་པའི་བཀོད་ཁྱབ་བཏང་རུང་ཨ་རིས་རྒྱ་ནག་ཚུད་པའི་ཕྱིའི་རྒྱལ་ཁབ་ཁག་གི་བརྡ་འཕྲིན་བཀོལ་ཆས་སོགས་ཀྱི་ཉེན་ཁར་མུ་མཐུད་དུ་ཞིབ་བཤེར་བྱ་དགོས་པའི་འབོད་སྐུལ་ཞུས་འདུག སྲིད་དོན་ཉམས་ཞིབ་པ་འགའ་ཤས་ཀྱིས་རྒྱ་ནག་གི་བརྡ་འཕྲིན་བཀོལ་ཆས་སྐད་འཕྲིན་དང་ཊིག་ཊོཀ་གི་ཉེན་ཁར་བསྐྱར་དུ་ཞིབ་བཤེར་བྱ་སྲིད་པ་དང་གནད་དོན་དེ་ད་དུང་མཇུག་སྒྲིལ་མེད་པ་རེད་ཅེས་བརྗོད་ཡོད་པའི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG