ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་རིའི་གལ་ཆེའི་ཁྲིམས་གཞིའི་ཁོངས་སུ་བོད་དོན་ཚུད་པ།


༄༅།། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཚོས་འཕྲུལ་རིག་དང་ཚོང་ལས། དམག་དོན་སོགས་ཡར་རྒྱས་བཏང་སྟེ་རྒྱ་ནག་ལ་ཁ་གཏད་དང་འགྲན་རྩོད་ནུས་པ་ཐོན་པ་ཞིག་བྱེད་ཐུབ་པའི་ཁྲིམས་གཞི་དེར་ཚད་མཐོའི་མོས་མཐུན་དང་རྒྱབ་སྐྱོར་གྱིས་གཏན་འབེབས་བྱུང་ཞིང་། ཨ་རིའི་གཞུང་གིས་ཨ་སྒོར་ཐེར་འབུམ་༢༥༠་ཐམ་པའི་འགྲོ་གྲོན་གཏོང་རྒྱུའི་ཁྲིམས་གཞི་དེར་མ་འོངས་པར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་སོགས་བོད་དོན་ལ་འབྲེལ་བ་ཡོད་པའི་དོན་ཚན་ཁག་ཅིག་འདུས་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་བཅས་སུ་སྤེལ་བའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG