ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

དགུ་བའི་བཅུ་གཅིག་གི་རྗེས་དྲན་ཉིན་མོ།


ཨ་རིའི་སྲིད་འཛིན་སོགས་ནས་དགུ་བའི་བཅུ་གཅིག་གི་ཉིན་མོར་རྗེས་དྲན་བྱེད་བཞིན་པ།
ཨ་རིའི་སྲིད་འཛིན་སོགས་ནས་དགུ་བའི་བཅུ་གཅིག་གི་ཉིན་མོར་རྗེས་དྲན་བྱེད་བཞིན་པ།

ཕྱི་ལོ་༢༠༠༡ལོའི་ཟླ་༩པའི་ཚེས་༡༡གི་ཉིན་ཨ་རིར་དེང་རབས་ལོ་རྒྱུས་སྟེང་གི་ཆེས་ཡ་ང་བའི་འཇིགས་སྐུལ་དྲག་སྤྱོད་ཀྱི་དོན་རྐྱེན་བྱུང་སྟེ་མི་༢༩༩༦རྐྱེན་འདས་སུ་ཕྱིན་པ་དང་། དེ་ལ་རྐྱེན་བྱས་ནས་ཨ་རིའི་དམག་གིས་ཨབ་གྷན་སི་ཐན་དུ་དུས་ཡུན་ལོ་ངོ་༡༩དང་ཟླ་༡༠ལྷག་གི་རིང་འཇིགས་སྐུལ་དྲག་སྤྱོད་པ་དང་དམག་འཐབ་བྱས་ཤིང་། དམག་འཁྲུག་དེའི་ཁྲོད་ཉུང་མཐའ་ཡང་ཨ་རིའི་དམག་མི་༢༣༢༥འདས་གྲོངས་སུ་ཕྱིན་འདུག་ཅེས་ཨ་རིའི་རྒྱལ་ལས་ཁུངས་ཀྱིས་བསྡོམས་རྩིས་བྱས་འདུག དེ་རིང་སྟེ་༢༠༢༡ལོའི་ཟླ་༩པའི་ཚེས་༡༡གི་ཉིན་ཨ་རིའི་སྲིད་འཛིན་ཇོ་བྷ་ཊན་གཙོས་པའི་འབྲེལ་ཡོད་མགོ་ཁྲིད་དག་ཨ་རིའི་གྲོང་ཁྱེར་ཉིག་ཡོག་དང། ཨ་རིའི་ཕན་ཁྲ་གྷང་ས་གནས་སུ་ཡོད་པའི་རྒྱལ་སྲུང་ལྷན་ཁང་། ཨ་རིའི་ཕན་སི་ཝེ་ནི་ཡ་མངའ་སྡེའི་ཤན་ཁི་སི་ཝེ་ཨོ་བཅས་འཇིགས་སྐུལ་དྲག་སྤྱོད་པས་གནམ་གྲུབ་བརྡབ་སྐྱོན་གཏོང་སའི་ས་གནས་གསུམ་དུ་ཕེབས་ནས་སྐབས་དེའི་འཇིགས་སྐུལ་དྲག་སྤྱོད་ཀྱི་དོན་རྐྱེན་ཁྲོད་རྐྱེན་འདས་སུ་ཕྱིན་ཡོད་པ་དག་ལ་མྱ་ངན་རྗེས་དྲན་བྱས་ཤིང་། སྲིད་དོན་དབྱེ་ཞིབ་པ་རྣམས་ཀྱིས་དེ་རིང་ཉིན་མོ་འདི་ནི་ཨ་རིའི་སྲིད་འཛིན་གྱིས་འདས་པའི་ལོ་ངོ་ཉི་ཤུའི་རིང་གི་དམག་འཁྲུག་ལ་རྫོགས་ཚིག་བཀོད་པ་ཞིག་ཡིན་པའི་ངོས་འཛིན་བྱས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG