བྷ་ཌེན་གྱིས་གྷ་ཛའི་ཐད་ནེ་ཊེན་ཡ་ཧུ་ལ་བཀའ་མོལ་ཤུགས་ཆེ་གནང་བ།
སྲིད་འཛིན་ཇོ་བྷ་ཌེན་གྱིས་ཨེ་སེ་རལ་གྱི་སྲིད་བློན་ལ་གྷ་ཛའི་མང་ཚོགས་ཀྱི་དཀའ་ངལ་སེལ་ཆེད་འཕྲལ་སེལ་མེ་འཕེན་མཚམས་འཇོག་བྱེད་དགོས་པའི་གནོན་ཤུགས་གནང་བ་དང་འབྲེལ་དེ་ལྟར་མ་བྱས་ཚེ་དེས་ཨེ་སི་རལ་གྱི་རྒྱལ་ཁབ་ལ་གནོད་སྐྱོན་ཡོང་རྒྱུ་ཡིན་པའི་ཉེན་བརྡ་གནང་བའི་སྐོར་ཀུན་བཟང་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།