༄༅། ཇཱོ་བྷ་ཌན་སྲིད་གཞུང་གིས་ཨ་མི་རི་ཀའི་དབུས་གཞུང་གི་ལས་བྱེད་ མང་ཆེ་བ་ལས་ཁུངས་ཁག་སོ་སོར་ཕྱིར་ལོག་བྱེད་མི་དགོས་པར་གཏན་དུ་རང་ཁྱིམ་ནས་རྒྱང་ལས་བྱེད་དུ་འཇུག་འཆར་ཡོད་ཅིང་། སྔ་ལོ་ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་ཁྱབ་གདལ་བྱུང་སྟེ་དབུས་གཞུང་གི་ལས་བྱེད་པ་ཚོར་རང་ཁྱིམ་དུ་རྒྱང་ལས་བྱེད་དུ་བཅུག་སྟེ་ཉམས་མྱོང་གསར་པ་ཞིག་ཐོབ་ཡོད་པ་བཅས་ཀྱི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།