ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིའི་ཚོང་དོན་སྐུ་ཚབ་ཀྱིས་པེ་ཅིང་གི་ཨོ་ལིམ་ཕིག་འགོག་ཐབས།


༄༅།། ཨ་རིའི་ཚོང་དོན་སྐུ་ཚབ་ཏའེ་ཆིག་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ནི་ཇཱོ་བྷ་ཌན་གྱི་གཞུང་འཛིན་ལྷན་ཁང་གི་ཚོང་དོན་སྲིད་ཇུས་གལ་གནད་ཆེ་ཤོས་ཤིག་ཡིན། རྒྱ་ནག་གིས་ངལ་རྩོལ་བཙན་བཀོལ་བྱས་ནས་ཚོང་ལས་ཀྱི་ཁེ་སང་མང་པོ་ལེན་གྱི་ཡོད་ཅིང་། ཨ་རིས་སྒོ་ཁྲལ་སྤར་བ་དང་ངལ་རྩོལ་བཙན་བཀོལ་གྱི་ཐོན་རྫས་རྣམས་བཀག་སྡོམ་བྱས་ནས་རྒྱ་ནག་ལ་ཁ་གཏད་གཅག་རྒྱུ་ཡིན་པར་མ་ཟད། རྒྱ་ནག་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་ངལ་རྩོལ་བཙན་བཀོལ་བྱེད་བཞིན་པར་རྒོལ་ལན་སློག་ཆེད་མི་རིང་བར་པེ་ཅིང་ལ་འཚོགས་འཆར་ཡོད་པའི་༢༠༢༢་ལོའི་དགུན་དུས་ཀྱི་རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་འགྲན་ལ་བཀག་སྡོམ་བྱ་རྒྱུ་དེར་ཨ་རིའི་ཕྱི་སྲིད་དྲུང་ཆེར་གྲོས་མོལ་བྱ་རྒྱུ་ཡིན་ཞེས་གསུངས་འདུག་པའི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG