ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༥/༠༦/༡༨

བྷར་ཎི་སན་ཌར་སྲིད་འཛིན་གྱི་འོས་མིའི་ཁོངས་ནས་ཕྱིར་འཐེན།


༄༅།། ཨ་མི་རི་ཀའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་འདེམས་སྒྲུག་གི་འགྲན་སྡུར་ཁོངས་སུ་མཉམ་ཞུགས་པ་སྟེ། ཨ་རིའི་ཝྭར་མོན་ཊི་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་བྷར་ཎི་སན་ཌར་གྱིས་རང་ཉིད་ལོ་འདིའི་སྲིད་འཛིན་འོས་མི་འདེམས་སྒྲུག་གི་འགྲན་སྡུར་ཁོངས་ནས་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན་ཞེས་གཟའ་ལྷག་པའི་ཉིན་གསལ་བསྒྲགས་སྤེལ་ཡོད་ཅིང་། ཁོང་གི་ཐག་གཅོད་འདིས་སྲིད་འཛིན་གཞོན་པ་ཟུར་པ་ཇཱོ་བྷ་ཌན་ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་དངོས་གཞི་དེར་འགྱུར་ཐུབ་པའི་ལམ་ཁ་གཏད་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG