ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བྷོལ་ཊིཀ་རྒྱལ་ཁབ་ཁག་གི་བདེ་འཇགས་དང་རྒྱ་ནག


༄༅།། བྷོལ་ཊིཀ་རྒྱལ་ཁབ་ཁག་གི་གསང་བའི་ལས་ཁང་ཁག་གིས་མངའ་ཁུལ་དེར་རྒྱ་ནག་གི་གསང་ཉུལ་གྱིས་ལས་འགུལ་འཁྲུག་ཆ་དོད་པོ་སྤེལ་གྱི་ཡོད་པ་དང་། ད་དུང་རྒྱ་ནག་གིས་ཧུར་བརྩོན་ཆེན་པོས་བྷོལ་ཊིཀ་རྒྱལ་ཁབ་ཁག་ལ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་རྒྱ་སྐྱེད་བྱེད་བཞིན་ཡོད་པས་རྒྱལ་ཁབ་དེ་དག་གི་ས་གནས་མི་མང་གིས་རྒྱ་ནག་དང་ཨུ་རུ་སུ་གཉིས་མངའ་ཁུལ་དེར་ཉེན་ཁ་ཆེ་ཤོས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པར་མ་ཟད། རྒྱལ་ཁབ་དེ་ཚོར་རྒྱ་ནག་གིས་མ་རྩ་འཛུགས་ཀྱི་ཡོད་པ་དེར་བློ་དོགས་བྱ་དགོས་པ་ཞིག་ཏུ་གྱུར་འདུག་ཅེས་གསལ་སྟོན་བྱས་ཡོད་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པ་པེ་ཧོས་མོ་སི་ཀོ་ནས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG