ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་ཕུར་བུ། ༢༠༢༦/༠༢/༠༥
བོད།
སྐད་འཕྲིན་ཞིབ་བཤེར་གྱི་སྒྲིག་གཞི་དོན་ཚན་བཅུ།
༡༣།༠༨།༢༠༢༠
སྐད་འཕྲིན་ཞིབ་བཤེར་གྱི་སྒྲིག་གཞི་དོན་ཚན་བཅུ།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
༄༅།། རྒྱ་ནག་གཞུང་གིས་སྐད་འཕྲིན་དྲྭ་ལམ་གྱི་ཁྲིམས་ལ་འགལ་འཛོལ་བྱེད་མཁན་ཚོར་ཁྲིམས་གཅོད་དང་སྐད་འཕྲིན་ལ་དོ་དམ། སྐད་འཕྲིན་ནང་གི་བརྗོད་བྱ་སོགས་ལ་ཞིབ་བཤེར་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་བཅུ་ཁྱབ་བསྒྲགས་བྱས་ཏེ་འགལ་འཛོལ་བྱེད་མཁན་བྱུང་ན་ལོ་གཅིག་ནས་ལོ་བརྒྱད་ཡས་མས་རེའི་བཙོན་འཇུག་གི་ཁྲིམས་གཅོད་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱེད་བཞིན་པའི་གནས་ཚུལ་ཐོན་འདུག དེ་ཡང་ཕྱི་ཚེས་༡༣་ཉིན་མིང་དངོས་སུ་བརྗོད་འདོད་མེད་པའི་བོད་པ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ཟླ་༨་པའི་༡༡་ཉིན་མཚོ་སྔོན་ཞིང་ཆེན་གྱི་མཚོ་ལྷོ་ཁུལ་དེའི་རྫོང་ཁག་སོ་སོར་ཚོགས་འདུ་བསྡུས་ཏེ་རོང་འབྲོག་མང་ཚོགས་ལ་སྐད་འཕྲིན་བེད་སྤྱོད་གཏོང་ཕྱོགས་དེར་གཟབ་ནན་བྱ་དགོས་བའི་སྒྲིག་གཞི་དོན་ཚན་བཅུ་གསལ་བསྒྲགས་བྱས་འདུག
གསར་འགྱུར་མཁོ་སྤྲོད་པས་སྐད་འཕྲིན་དོ་དམ་གྱི་སྒྲིག་གཞི་གཙོ་བོ་ནི་སྐད་འཕྲིན་ནང་དུ་རྒྱལ་ཁབ་ལ་གནོད་པའི་སྐད་ཆ་བཤད་མི་ཆོག་པ་དང་ཁ་འཁྲུག་གཏོར་བརླག་བཤད་མི་ཆོག་པ། བརྡ་འཕྲིན་འདྲ་མིན་ལ་ལྟ་ཉན་དང་བརྒྱུད་སྐུར་བྱེད་མི་ཆོག་པ། སྐད་འཕྲིན་ཚོགས་པ་ཁག་གི་ནང་དུ་འཛུལ་ཞུགས་བྱེད་མི་ཆོག་པ་སོགས་འདུས་འདུག དེང་སྐབས་རྒྱ་གཞུང་གིས་སྐད་འཕྲིན་དོ་དམ་དང་ཞིབ་བཤེར་གྱི་སྒྲིག་ཁྲིམས་རྣམས་གསལ་བསྒྲགས་དང་བརྒྱུད་བསྒྲགས་བྱེད་བཞིན་པའི་སྒང་རེད། ད་དུང་རྒྱལ་ནང་གི་སྐད་ཆ་ཕྱི་ལ་སྐྱེལ་མི་ཆོག་ཅིང་། ཧོང་ཀོང་དང་ཨོ་མེན། ཐེ་ཝན་བཅས་ཀྱི་གསར་འགྱུར་རྣམས་གཞུང་གི་དྲྭ་ཚུགས་སུ་གསལ་བསྒྲགས་མ་བྱས་སྔོན་ལ་བསྐུར་ཚེ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་འགལ་འཇོལ་བྱུང་བ་དང་ཁྲིམས་འགལ་གྱི་ཆ་འཕྲིན་ཁྱབ་སྤེལ་བྱས་པའི་ནག་ཉེས་ཐོག་ཏུ་ཁྲིམས་གཅོད་བྱེད་ཆོག དུས་ཚོད་ལོ་གཅིག་ནས་ལོ་བརྒྱད་བར་གྱི་བཙོན་འཇུག་གི་ཁྲིམས་ཐག་གཅོད་ཆོག་ཟེར་གྱི་འདུག་ཅེས་བཤད།།
གསར་འགྱུར་མཁོ་སྤྲོད་པ་དང་བཞུགས་སྒར་དྷ་རམ་ས་ལའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པད་མ་རྒྱལ་གྱིས་སྐད་འཕྲིན་ནི་རྒྱ་ནག་གཞུང་གིས་གསལ་བསྒྲགས་དང་འཇིགས་སྐུལ་བྱེད་བཞིན་པའི་ལེ་ཚན་ཞིག་རེད། གནད་དོན་འདིའི་ཁུངས་སྣེ་དེད་ན་༢༠༡༦་ལོར་གཏན་འབེབས་བྱས་པ་དང་༢༠༡༧་ལོར་དངོས་སུ་ལག་བསྟར་བྱས་བའི་དྲྭ་རྒྱའི་བདེ་འཇགས་ཀྱི་བཅའ་ཁྲིམས་དེར་འབྲེལ་བ་འདུག དེའི་ནང་གསེས་ཀྱི་ནག་སེལ་གཤེད་བཅོམ་ཟེར་བའི་སྲིད་ཇུས་ནི་༡༠༡༨་ལོ་ནས་ལག་བསྟར་བྱས་པ་རེད། གཙོ་བོ་བོད་པའི་ཆོས་དང་རིག་གཞུང་། ཁོར་ཡུག་སྲུང་སྐྱོབ། མདོར་ན་གཞི་ལུས་བོད་མི་རྣམས་ཀྱིས་རང་གི་འཚོ་གནས་ཀྱི་ཆེད་དུ་བསམ་ཚུལ་བཤད་པ་དང་མི་འདོད་པའི་རྣམ་འགྱུར་ཞིག་རུང་ནག་ཚོགས་དང་ཁྲིམས་འགལ་གྱི་ངོ་བོ་སྦྱར་ནས་ནག་ཉེས་བཙུགས་ཏེ་འཛིན་བཟུང་བཙོན་འཇུག་བྱེད་ཀྱི་ཡོད་པ་རྣམས་སྐད་འཕྲིན་དོ་དམ་གྱི་སྒྲིག་གཞིའི་ནང་དུ་འདུས་འདུག
དེས་ན་བོད་ཀྱི་ས་གནས་ཁག་ཏུ་དོན་མེད་བསྙོན་འཛུགས་ཀྱི་གནས་ཚུལ་མང་པོ་ཞིག་འབྱུང་དང་འབྱུང་བཞིན་ཡོད་ཅིང་། བོད་པ་ཚོར་ཉེས་མེད་ཉེས་འཛུགས་ཀྱང་འཕོག་གི་འདུག དཔེར་ན་ཆབ་མདོ་སྟེང་ཆེན་པ་བསམ་གྲུབ་ཚེ་རིང་དང་གཞིས་ཀ་རྩེའི་དབང་ཕྱུག དིང་རི་བ་རྡོ་རྗེ་ཚེ་རི་བཅས་མི་གསུམ་ལ་སྐད་འཕྲིན་གྱི་ལམ་ནས་ཁ་བརྡ་དང་གནས་ཚུལ་བརྒྱུད་བསྒྲགས་བྱས་བའི་ནག་ཉེས་བཙུགས་ནས་འཛིན་བཟུང་བཙོན་འཇུག་བྱས་མྱོང་བ་རེད་ཅེས་བཤད་ཡོད་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།
Embed
share
སྐད་འཕྲིན་ཞིབ་བཤེར་གྱི་སྒྲིག་གཞི་དོན་ཚན་བཅུ།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:06:55
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
32 kbps | MP3
གསན་གཟིགས་གནང་ས།
འབྲེལ་ཡོད།
དྷ་སའི་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཁག་མྱུར་དུ་སྒོ་འབྱེད་རྒྱུ།
བོད་མིའི་སྒྲིག་འཛུགས་ཀྱི་བདུན་རེའི་ནད་ཡམས་གསར་འགོད་ལྷན་ཚོགས།
XS
SM
MD
LG