ངོ་འཕྲད་བདེ་བའི་དྲ་འབྲེལ།

དྷ་སའི་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཁག་མྱུར་དུ་སྒོ་འབྱེད་རྒྱུ།


༄༅།། རྒྱ་གར་དབུས་གཞུང་གིས་ཕྱི་ཟླ་༩་པར་རྒྱ་གར་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་དང་ཤེས་ཡོན་གྱི་ལྟེ་གནས་ཁག་རིམ་བཞིན་སྒོ་འབྱེད་དུ་འཇུག་འཆར་ཡོད་པ་ལྟར་དྷ་རམ་ས་ལའི་བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་ཏུ་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་སློབ་ཕྲུག་ཚོ་དངོས་སུ་འཛིན་གྲྭ་འཚོགས་རྒྱུ། དེ་ནས་འཛིན་རིམ་བཅུ་གཅིག་དང་དགུ་པ་སོགས་རིམ་བཞིན་འཚོགས་རྒྱུ་དང་སློབ་ཕྲུག་གི་ཤེས་ཡོན་སློབ་སྦྱོང་འཐུས་ཤོར་མི་འགྲོ་བའི་ཆེད་སློབ་ཚན་རྣམས་དྲྭ་ལམ་དུ་སློབ་ཁྲིད་བྱ་འཆར་ཡོད་ཀྱང་ཕ་མ་དང་སློབ་ཕྲུག་མང་པོ་ཞིག་གིས་སློབ་གྲྭ་མགྱོགས་མྱུར་འཚོགས་ཐུབ་རྒྱུའི་རེ་ལྟོས་འཆང་འདུག

རྒྱ་གར་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། ཟླ་མཇུག་འདིར་རྒྱ་གར་གི་འགྲོ་འོང་བཀག་སྡོམ་ཕྱིར་འཐེན་བྱས་པའི་གསལ་བསྒྲགས་མཐའ་མ་དེ་སྤེལ་འཆར་ཡོད་ཅིང་། གསལ་བསྒྲགས་དེར་ཤེས་ཡོན་གྱི་ལྟེ་གནས་ཁག་དང་སློབ་གྲྭ་རྣམས་སྒོ་འབྱེད་ཆོག་ཅེས་འཁོད་འཆར་ཡོད་ཀྱང་མཐའ་མའི་ཐག་བཅོད་ནི་མངའ་སྡེ་སོ་སོར་ཏོག་དབྱིབས་ནད་དུག་གི་ཉེན་ཚབས་ཆེ་ཆུང་ལ་གཞིགས་ནས་སློབ་གྲྭ་སོགས་སྒོ་འབྱེད་དགོས་མིན་ཐག་གཅོད་བྱ་འཆར་ཡོད་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བཏང་བའི་གནས་ཚུལ།།

XS
SM
MD
LG