ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་པ་སངས། ༢༠༢༦/༠༤/༡༧
བོད།
ཛམ་ཐང་དུ་མི་མང་གི་ས་ཞིང་བླངས་ནས་ཤིང་ནགས་འདེབས་འཛུགས།
༠༥།༠༥།༢༠༢༠
ཛམ་ཐང་དུ་མི་མང་གི་ས་ཞིང་བླངས་ནས་ཤིང་ནགས་འདེབས་འཛུགས།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
Embed
share
ཛམ་ཐང་དུ་མི་མང་གི་ས་ཞིང་བླངས་ནས་ཤིང་ནགས་འདེབས་འཛུགས།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:04:12
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
32 kbps | MP3
གསན་གཟིགས་གནང་ས།
༄༅།། དེང་སྐབས་རྒྱ་གཞུང་གིས་ཆ་བགོས་བྱས་པ་ཡོད་པའི་སི་ཁྲོན་ཞིང་ཆེན། རྔ་བ་བོད་རིགས་རང་སྐྱོང་ཁུལ། ཛམ་ཐང་རྫོང་དུ་ཕྱི་ལོ་༢༠༠༦་ཡས་མས་ནས་རྒྱ་ནག་གཞུང་གིས་འཆར་འགོད་བྱས་པ་ལྟར་མང་ཚོགས་ཀྱི་ས་ཞིང་ནང་དུ་ཤིང་ནགས་འདེབས་འཛུགས་བྱ་དགོས། རྒྱལ་ཁབ་ཀྱིས་མི་མང་ལ་དངུལ་སྒོར་དང་བཟའ་བཅའ་རོགས་རམ་སྤྲོད་རྒྱུ་ཡིན་ཞེས་བསྒྲགས་ཏེ་སྲིད་ཇུས་དེ་ལག་ལེན་བསྟར་ནས་སྔ་ལོ་བར་དུ་མི་མང་ལ་རོགས་དངུལ་སོགས་སྤྲད་འདུག ཡིན་ནའང་ན་ནིང་ནས་བཟུང་སྟེ་ས་ཞིང་ཚང་མའི་བདག་དབང་རྒྱལ་ཁབ་ལ་ཡོད། མི་མང་གིས་བསྐྱར་དུ་ས་ཞིང་དེ་ཚོ་བརྐོ་སློག་བྱེད་ན་ཁྲིམས་འགལ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
བོད་ནང་གི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་འདི་གའི་གསར་འགོད་པར་འགྲེལ་བརྗོད་བྱས་པ་ལྟར་ན། ད་ལྟ་བསྐྱར་དུ་ཛམ་ཐང་ཕྱོགས་ཀྱི་མི་མང་ལ་རི་མགོ་སོགས་སུ་ཤིང་ནགས་འདེབས་འཛུགས་བྱེད་དུ་འཇུག་འགོ་ཚུགས་སོང་། དེ་སྔ་ཤིང་ནགས་འདེབས་འཛུགས་བྱ་ཡུལ་ནི་ཛམ་ཐང་རྫོང་གི་མངའ་ཁོངས་ཀྱི་ནམ་ཟླ་ཡུལ་མོ་དང་ཀ་ཐོག་ཡུལ་ཚོ། ཛི་རོང་ཡུལ་ཚོ་དང་ཛམ་ཐང་བར་མ་ཡུལ་ཚོ་བཅས་སུ་བོད་པ་ཞིང་འབྲོག་གཉིས་ཀ་ཡོད་པའི་མང་ཚོགས་ཀྱི་ས་ཞིང་རྣམས་ཡིན་ཞིང་། ས་ཞིང་དེ་ཚོར་ཚེར་མ་དང་ལྕང་སྨྱུག་གི་རིགས་བཏབ་པ་རེད་། ཤིང་ནགས་བཏབ་ནས་ཕལ་ཆེར་ལོ་ངོ་༡༡་ཡས་ཡས་ཤིག་ལ་རྒྱལ་ཁབ་ཀྱིས་ལོ་ལྟར་ས་ཞིང་གི་རྒྱ་ཁྱོན་ལྟར་དངུལ་སྒོར་ཅུང་ཙམ་རེ་དང་འབྲས། གྲོ་ཕྱེ་འདྲ་སྤྲད་པ་རེད། སྔ་ལོ་ནས་བཟུང་སྟེ་རོགས་དངུལ་སོགས་སྤྲོད་མཚམས་བཞག་སོང་། དེར་བརྟེན་མང་ཚོགས་ཀྱིས་བསྐྱར་དུ་ས་ཞིང་ཁོད་སྙོམས་བྱས་ནས་འབྲུ་རིགས་གདབ་རྩིས་བྱས་ཀྱང་རྒྱ་གཞུང་གིས་བཀའ་བཏང་སྟེ་ས་ཞིང་ཡོད་ཚད་ཀྱི་བདག་དབང་རྒྱལ་ཁབ་ལ་ཡོད་པས་མང་ཚོགས་ཀྱིས་བརྐོ་སློག་བྱེད་མི་ཆོག གལ་ཏེ་ས་ཆ་བརྐོ་སློག་བྱེད་ན་ཁྲིམས་འགལ་བྱས་པའི་ནག་ཉེས་འཕོག་རྒྱུ་རེད་ཅེས་བསྒྲགས་འདུག
བོད་ནང་གི་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་དུ་བརྗོད་པ་ལྟར་ན། ད་ལོ་ནས་བཟུང་སྟེ་ཛམ་ཐང་ཕྱོགས་ཀྱི་རི་མགོ་ཁག་ལ་གསོམ་ཤིང་གི་རིགས་འདེབས་འཛུགས་བྱེད་འགོ་ཚུགས་སོང་། འདི་གའི་མང་ཚོགས་ཚང་མ་ཤིང་ནགས་འདེབས་འཛུགས་ཀྱི་ལས་ཀར་འགྲོ་བཞིན་པའི་སྒང་རེད། དུད་ཁྱིམ་རེ་ནས་མི་རེ་ངེས་པར་དུ་ཉི་མ་གཅིག་ཀྱང་མ་ཆད་པར་ཤིང་ནགས་འདེབས་འཛུགས་བྱེད་དུ་འགྲོ་དགོས་ཀྱི་འདུག ཉིན་ལྟར་ཐོ་འགོད་བྱས་ནས་ལས་ཀར་མ་སོང་ན་ཆད་པ་གཅོད་རྒྱུ་ཡིན་ཟེར་གྱི་འདུག ཤིང་ནགས་བཏབ་ཟིན་པའི་ས་ཆ་དེ་དག་ལ་ཕྱིས་སུ་རྒྱལ་ཁབ་ཀྱིས་རོགས་དངུལ་ཞིག་སྤྲོད་རྒྱུ་ཡིན་ཟེར་ནས་ཁྱབ་བསྒྲགས་བྱས་སོང་། འོན་ཀྱང་འདི་ནི་སྔོན་མ་དང་གཅིག་མཚུང་རེད། ཐོག་མར་མང་ཚོགས་ཀྱི་འཚོ་རྟེན་ས་ཆའི་སྟེང་དུ་ཤིང་ནག་བཏབ་ནས་ལོ་ཤས་རྗེས་སུ་ས་ཆ་ཚང་མ་རྒྱལ་ཁབ་ལ་དབང་བ་རེད་ཟེར་ནས་བཙན་འཕྲོག་བྱ་རྒྱུ་རེད། ད་ནི་མང་ཚོགས་ཀྱི་འཚོ་རྟེན་ས་ཆ་ཚང་མ་རྒྱལ་ཁབ་ཀྱིས་བཙན་འཕྲོག་བྱེད་ཚེ། མང་ཚོགས་རྣམས་འགྲོ་ས་འདུག་ས་མེད་པའི་གནས་སུ་ལྷུང་ཉེན་ཆེ། ས་ཞིང་མེད་པའི་སྒང་ལ་ཕྱུགས་ཟོག་ཀྱང་འཚོ་སྐྱོང་བྱ་ཡུལ་ཁག་ལ་ཤིང་ནག་བཏབ་ནས་སེམས་ཅན་ལ་གཟན་རྩྭ་ཟ་རུ་མ་བཅུག་ན་འཚོ་བར་དོ་ཕོག་ཆེན་པོ་ཡོང་རྒྱུ་རེད། མང་ཚོགས་ལ་སེམས་ཁྲལ་ཅི་ཙམ་ཆེ་ཡང་རྒྱལ་ཁབ་ཀྱི་བཀའ་སླེབས་ན་མགོ་སྒུར་རྒྱུ་ལས་བྱ་ཐབས་གཞན་པ་མི་འདུག་ཅེས་འགྲེལ་བརྗོད་བྱས་ཡོད་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།
འབྲེལ་ཡོད།
མི་རིགས་མཐུན་སྒྲིལ་གྱི་ཁྲིམས་གཞིའི་འོག་དམ་དྲག་ཆེ་རུ་གཏོང་འཆར།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ཁང་གི་ལས་གཞི།
XS
SM
MD
LG