ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨིན་རྡུ་ཎེ་ཞི་ཡའི་མི་ནག་ཚོང་རྒྱག་མཁན་གསུམ་ལ་ཁྲིམས་ཆད།


ཉེ་ཆར་ཕྱི་ཟླ་༡༢་ཟླ་མཇུག་དེར་ཨིན་རྡུ་ཎེ་ཞི་ཡའི་མི་གསུམ་གྱིས་སྐྱབས་བཅོལ་བ་༥༠་ཡས་མས་ཤིག་ཨོ་སི་ཊེ་རེ་ལི་ཡར་སྐྱེལ་འདྲེན་བྱས་ནས་ནག་ཚོང་བརྒྱབས་པ་དང་། ཁོང་ཚོས་པང་ལེབ་ཀྱིས་བཟོས་པའི་ཉ་བའི་གྲུ་གཟིངས་དེ་རྒྱ་མཚོའི་རླུང་འཚུབ་ཁྲོད་དུ་བྲག་རི་ལ་བརྡབས་ཏེ། ཨོ་སི་ཊེ་རེ་ལི་ཡར་སྐྱབས་བཅོལ་ཞུ་རུ་ཡོང་བའི་མི་དེ་ཚོར་སྲོག་སྐྱོན་བྱུང་བ་དང་། ད་ལྟ་ཨོ་སི་ཊེ་རེ་ལི་ཡའི་གཞུང་གིས་ཨིན་རྡུ་ཎེ་ཞི་ཡའི་མི་དེ་ཚོར་ཁྲིམས་འགལ་གྱི་ཐོག་ཕྱི་མི་གཞིས་ཆགས་པ་སྐྱེལ་འདྲེན་གྱི་ནག་ཚོང་བརྒྱབ་པའི་ཉེས་འཛུགས་བྱས་ཡོད་པས། ཁོང་ཚོར་ཉུང་མཐའ་ཡང་ལོ་༢༠་ཐམ་པའི་རིང་བཙོན་འཇུག་དང་ཨ་སྒོར་འབུམ་གཉིས་དང་ཁྲི་ཚོ་༢་ཡས་མས་རེ་ཆད་པ་གཅོད་སྲིད་པའི་རྟགས་མཚན་ཡོད་པ་རེད།།

XS
SM
MD
LG