ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨེ་ཤེ་ཡའི་འབྲུ་རིགས་ཀྱི་རིན་གོང་།


Anti-China protesters hold Vietnamese national flags and anti-China banners while marching on a street in Hanoi, December 9, 2012.
Anti-China protesters hold Vietnamese national flags and anti-China banners while marching on a street in Hanoi, December 9, 2012.

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་སྒྲིག་འཛུགས་ཀྱི་ཚོགས་འདུ་ཞིག་ཐེ་ལན་གྱི་རྒྱལ་ས་བྷན་ཁོག་གྲོང་ཁྱེར་ལ་ཚོགས་ཡོད་པ་དང་། རྒྱལ་ཚོགས་ཀྱི་སྒྲིག་འཛུགས་དེས་ཟླ་བ་སྔོན་མར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ལ་འབྲུ་རིགས་ཀྱི་རིན་གོང་འཕར་པ་དེ་ནི། ད་བར་འབྲུ་རིགས་ཀྱི་རིན་གོང་འཕར་མྱོང་མེད་པའི་ཟིན་ཐོ་བརྒལ་ཡོད་པ་དང་། དཔེར་ན་བྷང་ག་ལ་རྒྱལ་ཁབ་ལ་མཚོན་ན། རྒྱལ་ཁབ་དེའི་མི་མང་གི་ཟ་རྒྱུ་གཙོ་བོ་འབྲས་ཡིན་པ་དང་། སྔ་ལོ་གཅིག་པུར་བྷང་ག་ལའི་ཁྲོམ་རྭའི་ནང་དུ་འབྲས་ཀྱི་རིན་གོང་བརྒྱ་ཆ་༣༣་འཕར་ཡོད་པ་མ་ཟད། རྒྱ་ནག་དང་ཨིན་རྡུ་ཎེ་ཞི་ཡ་གཉིས་ལ་འབྲས་ཀྱི་རིན་གོང་བརྒྱ་ཆ་༢༣་རེ་འཕར་ཡོད་པ་དང་། གཟའ་འཁོར་འདིར་ཨ་མི་རི་ཀ་དང་ཉི་ཧོང་། རྒྱལ་སྤྱིའི་སྒྲིག་འཛུགས་ཁག་དང་ཨེ་ཤེ་ཡའི་རྒྱལ་ཁབ་༢༠་ལྷག་གི་སྐུ་ཚབ་རྣམས་ཐེ་ལན་གྱི་རྒྱལ་ས་བྷན་ཁོག་གྲོང་ཁྱེར་ལ་ཚོགས་འདུ་ཚོགས་ཏེ། ཁོང་ཚོས་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ལ་འབྲུ་རིགས་ཀྱི་རིན་གོང་འཕར་གྱི་ཡོད་པ་ཚོད་འཛིན་ཇི་ལྟར་བྱེད་དགོས་མིན་གྲོས་བསྡུར་བྱས་ཡོད་པ་རེད།

XS
SM
MD
LG