ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན།


ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན།
ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན།

ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཝིཏ་ནམ་གྱི་རྒྱལ་ས་ཧ་ནོ་ཡེ་ལ་ཚོགས་ཡོད་པ་དང་། གཟའ་པ་སངས་ཉིན་མཐུན་ཚོགས་དེའི་འགོ་ཁྲིད་ཚོས་ཉི་ཧོང་དང་ལྷོ་ཀོ་རི་ཡ། རྒྱ་ནག་བཅས་ཀྱི་ཕྱི་སྲིད་བློན་ཆེན་ཚོར་ཐུག་འཕྲད་གྲོས་མོལ་བྱས་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བྷན་ཁི་མུན་ཡང་ཚོགས་འདུ་དེར་ཕེབས་ཞུགས་གནང་གི་ཡོད་པ་དང་། ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སུ་རིན་ཕུ་ཚུ་ཝན་གྱིས་བཤད་པ་ལྟར་ན། ད་ལོའི་ཚོགས་ཆེན་གྱི་གྲོས་གཞི་གཙོ་བོ་དཔལ་འབྱོར་གནད་དོན་ཡིན་རུང་། བྷར་མའི་སྤྱི་ཡོངས་འོས་འདེམས་ལ་དམངས་གཙོ་མནའ་འབྲེལ་ཚོགས་པའི་འགོ་ཁྲིད་ཨང་སན་སུ་ཇི་མཉམ་ཞུགས་བྱེད་ཀྱི་མེད་པ་དང་། རྒྱ་ནག་གི་དཔལ་འབྱོར་དང་དམག་གི་སྟོབས་ཤུགས་ཡར་རྒྱས་འགྲོ་གི་ཡོད་པ་སོགས་ལའང་གྲོས་བསྡུར་བྱེད་དགོས་ཐུག་ཡོད་ཅེས་བཤད་ཅིང་། མཐུན་ཚོགས་དེས་རྒྱ་ནག་གི་ཤུགས་རྐྱེན་འགོག་ཐབས་སུ་ཨ་མི་རི་ཀ་དང་ར་ཤི་ཡ་གཉིས་ཤར་ཨེ་ཤེ་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཁོངས་སུ་མཉམ་ཞུགས་བྱེད་དགོས་པའི་མགྲོན་འབོད་བྱས་ཡོད་པ་རེད།།

XS
SM
MD
LG