ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

མི་ཚོས་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་འགྲན་ལ་ངང་སྒུག


༄༅།། ཉི་ཧོང་གི་རྒྱལ་ས་ཀྲོག་ཁིའོ་ལ་ཚུགས་པའི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་དེ་རེས་གཟའ་ཉི་མའི་ཉིན་མཇུག་སྒྲིལ་ཡོད་ཅིང་། ད་ལྟ་མི་ཚོས་ཟླ་བ་དྲུག་གི་རྗེས་སུ་པེ་ཅིང་ལ་༢༠༢༢་ལོའི་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་ཀྱི་ཡོད་པར་ངང་སྒུག་བྱེད་བཞིན་པ་རེད། ཕྱི་ལོ་༢༠༠༨་ལོར་པེ་ཅིང་ལ་རྒྱལ་སྤྱིའི་དབྱར་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་འགྲན་ཚོགས་ཡོད་པས་གྲོང་ཁྱེར་དེ་དབྱར་དུས་དང་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་འགྲན་གཉིས་ཀ་འཚོགས་ཡུལ་རྒྱལ་སྤྱིའི་གྲོང་ཁྱེར་དང་པོ་དེར་འགྱུར་གྱི་ཡོད་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG