ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

དུས་རབས་ཉེར་གཅིག་པའི་ནང་ཞི་བདེ་དང་གནས་སྟངས་བཟང་དུ་འགྲོ་རྒྱུ་་ངེས་གཏན་ཡིན་པ།


དུས་རབས་ཉེར་གཅིག་པའི་ནང་ཞི་བདེ་དང་གནས་སྟངས་བཟང་དུ་འགྲོ་རྒྱུ་་ངེས་གཏན་ཡིན་པ།
དུས་རབས་ཉེར་གཅིག་པའི་ནང་ཞི་བདེ་དང་གནས་སྟངས་བཟང་དུ་འགྲོ་རྒྱུ་་ངེས་གཏན་ཡིན་པ།

དུས་རབས་ཉེར་གཅིག་པའི་ནང་འཛམ་གླིང་གི་གནས་སྟངས་བཟང་བ་དང་ཞི་བདེ་མང་བ་ཡོང་རྒྱུའི་རེ་གཞི་བཟང་བ་ཡོད་པ་མ་ཟད། རྒྱ་གར་གྱི་བརྟན་ལྷིང་དང་ཡུལ་དེར་ཡོད་པའི་ཡང་དག་པའི་མང་གཙོའིལམ་ལུགས་སྲ་བརྟན་ཞིག་ཡོད་པ་དེ་ནི། དུས་རབས་ཉེར་གཅིག་པའི་ནང་འཛམ་གླིང་ཁྱོན་ཡོངས་སུ་ཞི་བདེ་གོང་འཕེལ་དར་ཁྱབ་གཏོང་ཐུབ་རྒྱུར་རླབས་ཆེན་གྱི་ཕན་ཐོགས་ཡོད་པ་མ་ཟད། ད་ལྟ་འཛམ་གླིང་འདིའི་ནང་ ཆོས་ལུགས་ཕན་ཚུན་མི་མཐུན་པའི་འཛིན་ཡོད་པའི་འཁོན་འཁྲུག་འདིའི་ཐོག་ནས་བརྗོད་ཀྱང༌། རྒྱ་གར་ལ་ལོ་ངོ་སྟོང་ཕྲག་མང་པོ་ནས་ཡོད་པའི་འཚེ་མེད་ཞི་བ་དང་ཆོས་བརྒྱུད་ནང་ཁུལ་ཐུགས་མཐུན་དམ་གཙང་གི་སྔར་ལུགས་བཟང་པོ་དེ་དེང་སྐབས་ཀྱི་འཛམ་གླིང་འདིར་ཧ་ཅང་གི་དགོས་གལ་ཆེན་པོ་ཡོད་ཅེས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མ་ན་ལིར་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཏུ་གསུངས་ཡོད་པ་རེད།

XS
SM
MD
LG