ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བྱང་ཨ་རིའི་སྤྱི་འཐུས་འོས་མིའི་བགྲོ་གླེང་།


འཛམ་གླིང་གི་དམངས་གཙོའི་ལམ་ལུགས་སུ་མི་མང་འོས་འཕེན་པ་ཚོས་རང་གི་སྲིད་འཛིན་དང་གྲོས་ཚོགས་འཐུས་མིའི་འོས་མི་རྣམས་ངོ་ཤེས་པ་དང་རྒྱུས་མངའ་ལེགས་པོ་ཞིག་ཡོང་རྒྱུ་གནད་འགག་ཆེན་པོ་ཞིག་ཡིན་ཞིང་། དེར་བརྟེན་མི་མང་ལ་འོས་མི་དེ་ཚོའི་ལྟ་བ་དང་ལངས་ཕྱོགས་རྣམས་ཤེས་རྟོགས་ཐུབ་པའི་ཐབས་ལམ་གལ་ཆེན་ཞིག་འོས་མི་ཚོས་འོས་བསྡུའི་འགྲན་རྩོད་ལ་བགྲོ་གླེང་བྱ་དགོས་པར་བརྟེན། ཨ་རིའི་ཎིའུ་ཡོཀ་དང་ནིའུ་འཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལོ་རྗེས་མའི་མགོ་སྟོད་དུ་སྐབས་བཅོ་ལྔ་བའི་བྱང་ཨ་རིའི་བོད་པའི་སྤྱི་འཐུས་འོས་མི་རྣམ་པའི་བགྲོ་གླེང་ཞིག་གོ་སྒྲིག་གནང་སྟེ། ཁོང་ཚོས་འོས་བསྡུའི་བགྲོ་གྲེང་བྱ་རྒྱུ་འོས་མི་སོ་སོ་དང་མི་མང་འོས་འཕེན་པ་གཉིས་ཀར་གནད་འགག་ཆེན་པོ་ཡིན་པའི་སྐོར། འདི་གའི་རླུང་འཕྲིན་གྱི་གསར་འགོད་པ་པདྨ་བདེ་ཆེན་གྱིས་ནིའུ་ཡོག་དང་ནིའུ་འཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚགོས་ཀྱི་ཚོགས་གཙོ་ངག་དབང་བཀྲ་ཤིས་ལ་བཅར་འདྲི་ཞུས་པ་དེ་གསན་རོགས་གནང་།།

XS
SM
MD
LG