ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་དོན་འཐབ་རྩོད་པ་སངས་རྒྱས་རྒྱ་མཚོ་འདས་གྲོངས།


ཕྱི་ལོ་༢༠༠༨་ཀྱི་ཟླ་བ་༤་ཚེས་༩་ཉིན་རྒྱལ་སྤྱིའི་གསར་འགོད་པ་རྣམས་བོད་ཀྱི་མདོ་སྨད་བླ་བྲང་དགོན་པར་གཟིགས་ཞིབ་ཏུ་ཕེབས་པ་དང་། སྐབས་དེར་བླ་བྲང་དགོན་པའི་གྲྭ་བ་ཁག་ཅིག་གིས་གསར་འགོད་པའི་མདུན་དུ་རྒྱ་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་དང་། རྒྱ་ནག་གཞུང་གིས་བོད་མི་དམངས་ལ་དྲག་གནོན་ཇི་ལྟར་བྱེད་ཀྱི་ཡོད་མེད་ཐེར་འདོན་བྱས་པ་མ་ཟད། ཉིན་དེའི་ངོ་རྒོལ་ལས་འགུལ་ལ་ཞུགས་མཁན་སངས་རྒྱས་རྒྱ་མཚོ་ཉི་མ་གསུམ་གྱི་གོང་སྟེ། ཕྱི་ལོ་༢༠༡༡་གི་ཟླ་བ་༢་ཚེས་༢༦་ཉིན་ཟི་ལིང་གྲོང་ཁྱེར་གྱི་བོད་སྨན་ཁང་དུ་འདས་གྲོངས་སུ་གྱུར་ཡོད་པ་དང་། རྒྱལ་སྤྱིའི་གསར་འགོད་པ་རྣམས་བླ་བྲང་དགོན་པར་ཕེབས་པའི་སྐབས་སུ་སངས་རྒྱས་རྒྱ་མཚོ་དམ་པ་དེ་ཉིད་ཀྱིས་གསར་འགོད་པ་ཚོར་རྒྱ་ནག་གཞུང་གིས་ང་ཚོའི་ལག་ཏུ་གྲི་དང་མེ་མདའ། མགོ་སྐོར་སོགས་པ་བཟུང་ནས་ཟིང་འཁྲུག་སློང་གི་འདུག་ཅེས་ཉེས་འཛུགས་བྱས་ཀྱང་། དོན་དངོས་སུ་ང་ཚོའི་ལག་ཏུ་མཚོན་ཆ་ཁབ་སྐུད་ཙམ་ཡང་མེད་ཅེས་བཤད་ཡོད་པ་རེད།

XS
SM
MD
LG