ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

༧གོང་ས་མཆོག་གིས་དད་ལྡན་པ་ཁྲི་ཚོ་གཅིག་ཙམ་ལ་གསུང་ཆོས་བསྩལ་བ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དད་ལྡན་ཆོས་ཞུ་བ་ཁྲི་ཚོ་ཙམ་ལ་གསུང་ཆོས་བསྩལ་གནང་མཛད་པའི་ཉིན་གཉིས་པར་ཆོས་ཀྱི་ནང་ནས་དག་པའི་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ལས་ལྷག་པ་མེད་ཅིང་ དེ་སྒོམ་པ་ཡིན་ན་ རང་དོན་དང་ གཞན་དོན་གཉིས་ཀ་བདེ་བླག་ཏུ་འགྲུབ་ཀྱི་རེད་ཅེས་བཀའ་བསྩལ་གནང་མཛད་པའི་སྐོར་འདི་གའི་གནས་ཚུལ་མཁོ་གཏོང་བ་ཚེ་རིང་མིག་དམར་ལགས་ཀྱིས་རྡ་རམ་ས་ལ་ནས་བཏང་བའི་གནས་ཚུལ་ཞིག་གསན་གྱི་རེད།

XS
SM
MD
LG