ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གིས་ཨི་རན་དང་ཚོང་འབྲེལ་མུ་མཐུད་དེ་ཨ་རིའི་སྐུལ་མར་བརྩི་མེད་བཏང་པ།


གཟའ་ཕུར་བུའི་ཉིན་རྒྱ་ནག་གིས་ཨི་རན་དང་མཉམ་དུ་ཚོང་འབྲེལ་ཐད་ཨ་མི་རི་ཀའི་གཞུང་གི་བློ་འཚབ་ལ་བརྩི་མེད་བཏང་ཡོད་ཅིང༌། དེ་ཡང་རྒྱ་ནག་གཞུང་གི་གསར་ལམ་ནང་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་རྒྱ་ནག་དང་ཨི་རན་གྱི་ཚོང་འབྲེལ་དེ་སྤྱིར་བཏང་གི་ཚོང་ཞིག་ཡིན་པ་དང་དེ་ཡིས་རྒྱལ་ཁབ་གཞན་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁེ་ཕེན་ལ་གནོད་ཀྱི་མེད་བཅས་བརྗོད་ཡོད། རྒྱ་ནག་གི་མགྲིན་ཚབ་པའི་་འགྲེལ་བརྗོད་དེ་ནི་ཨ་མི་རི་ཀའིདམིགས་བསལ་ངེས་སྟོན་པ་ཡིས་འགྲེལ་བརྗོད་བྱས་ལན་འདེབས་བྱས་པ་ཞིག་ཡིན་པ་རེད།

XS
SM
MD
LG