ངོ་འཕྲད་བདེ་བའི་དྲ་འབྲེལ།

རྔ་པའི་དགེ་འདུན་པ་བློ་བཟང་རྒྱ་མཚོས་རང་ལུས་མེར་སྲེག་བཏང་འདུག


19-year-old Kirti monk Lobsang Gyatso self-immolated himself Monday in Ngaba

༄༅། བོད་ཀྱི་ས་ཁུལ་དུ་བོད་མི་རང་ལུས་མེར་སྲེག་བཏང་པའི་གནས་ཚུལ་མུ་མཐུད་ཐོན་ བཞིན་པ་ལྟར་ཚེས་༡༣གཟའ་ཟླ་བའི་ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྒྱ་ མཚོས་རང་ལུས་མེར་སྲེག་བཏང་འདུག།རྔ་པའི་རྫོང་མཁར་གྱི་གཞུང་ལམ་གཙོ་བོའི་ཐོག་ རང་ལོ་༡༩་ལ་སོན་པའི་དགེ་འདུན་པ་དེས་རང་ལུས་མེར་སྲེག་བཏང་སྐབས་དྲག་ཆས་ཉེན་ རྟོག་པས་ཁོང་གི་ལུས་པོར་མེ་འབར་བཞིན་པ་དེ་བསད་པ་དང་ཉེས་རྡུང་བཏང་རྗེས་བཙན་ ཁྲིད་བྱས་འདུག་པས་ཁོང་ཤི་གསོན་ཇི་བྱས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་མེད་ཅིང། རྒྱ་གཞུང་གིས་རྫོང་མཁར་ཁུལ་དུ་མི་མང་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ཡོད་ པ་དང། ཁོང་གི་ཕ་མིང་ལ་བཛྲི་དང་མ་མིང་ལ་པད་དཀར་ཡིན་འདུག། ༢༠༠༩ལོ་ནས་བཟུང་ད་ཕན་བོད་ ནང་རང་ལུས་མེར་སྲེག་གཏོང་མཁན་མི་གྲངས་ཉི་ཤུ་རྩ་བཞི་བར་བྱུང་ཡོད་རེད།

XS
SM
MD
LG