ངོ་འཕྲད་བདེ་བའི་དྲ་འབྲེལ།

འབྲི་རུ་སྟར་མོས་དགོན་གྱི་དགེ་རྒན་འཛིན་བཟུང་བྱས་རྗེས་གྲ་ཞུགས་ཉུང་དུ་སོང་།


བོད་མདོ་ཁམས་འབྲི་རུ་སྟར་མོས་དགོན་པའི་དགེ་བཤེས་ངག་དབང་འཇམ་དབྱངས་ལགས་དེ་སྔོན་རྒྱ་ནག་གཞུང་གི་འཛིན་བཟུང་བྱས་ཏེ་སྐུ་གྲོངས་དང་། ཡང་ན་གར་སོང་ཆ་མེད་དུ་གྱུར་བ་ནས་ད་ལྟའི་དགོན་པའི་གནས་སྟངས་སྐོར་གྱི་གནས་ཚུལ་ཞིག་གཤམ་ལ་སྙན་སྒྲོན་ཞུ་རྒྱུ་ཡིན།

དེ་སྔ་ཕྱི་ལོ་ཉིས་སྟོང་༡༣་ལོའི་ཟླ་༡༢་བའི་ཚེས་༡༧་ཉིན་རྒྱ་ནག་གཞུང་གི་བོད་ཁམས་འབྲི་རུ་རྫོང་ནས་ཡིན་པའི་དགེ་བཤེས་ངག་དབང་འཇམ་དབྱངས་ལགས་བོད་ཀྱི་རྒྱལ་ས་ལྷ་ས་ནས་འཛིན་བཟུང་རྗེས་རྡུང་རྡེག་མནར་གཅོད་འོག་འདས་གྲོངས་སོང་བ་དང་དེ་རྗེས་ཀྱི་གནས་ཚུལ་ཁག་ཅིག་སྐོར་ལ་བོད་ནང་གི་ས་གནས་དེ་གའི་མིང་བརྗོད་འདོད་མེད་མཁན་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་དོན་དགེ་བཤེས་ངག་དབང་འཇམ་དབྱངས་ལགས་རྒྱ་གར་ནས་ཕྱིར་ཕ་ཡུལ་དུ་སླེབས་རྗེས་རྫ་སེར་ཤུལ་དགོན་པར་དགེ་རྒན་གྱི་ཕྱག་ལས་གནང་བར་གདན་འདྲེན་ཞུས་ཀྱང་ཁོང་མ་ཕེབས་པ་རེད། སྐབས་དེར་ཁོང་གིས་ཞལ་ནས་ཁོང་རང་གི་དགོན་པ་སྟར་མོས་དགོན་དུ་བསྡད་ནས་དགོན་པ་དང་ལྷ་སྡེ་མང་ཚོགས་ལ་ཕན་པའི་བྱ་བ་སྒྲུབ་རྒྱུ་ཡིན་ཞེས་གསུངབ་བཞིན་ཕ་ཡུལ་འབྲི་རུ་རྫོང་ཁོངས་ཀྱི་རི་བོ་དགེ་ལུགས་པའི་དགོན་སྡེ་ཁག་༩་གི་གནད་ཡོད་མི་སྣ་བར་གྲོས་བསྡུར་གྱིས་བོད་མིའི་ཆོས་དང་རིག་གཞུང་བསླབ་པ་སློབ་གཉེར་བྱེད་རྒྱུ་དང་ལྷག་པར་དུ་ཡར་རྒྱས་གཏོང་ཕྱོགས་ཐད་ཚང་མའི་ནུས་བ་མཉམ་དུ་སྤུངས་དགོས་རྒྱུའི་དགོངས་འཆར་གནང་བ་བཞིན་དགོན་སྡེ་གཉིས་ཀྱི་མང་ཚོགས་ལ་ཕན་པའི་བྱ་བ་གང་མང་ཞིག་ཁོང་གི་སྣེ་ཁྲིད་པའི་ཐོག་སྒྲུབ་མྱོང་ཡོད། དམིགསལ་སྤྱི་ལོ་༢༠༡༣་ལོའི་ཟླ་༥་བའི་ནང་གནས་རི་ནགས་ལྷ་ཛམ་བྷ་ལ་ཞེས་བར་རྒྱ་གཞུང་གི་གཏེར་ཁ་སྔོགས་འདོན་ལ་མང་ཚོགས་ཀྱི་བཀག་འགོག་བྱས་སྐབས་མང་ཚོགས་ལ་ལ་ཞིག་འཛིན་བཟུང་བཙོན་འཇུག་དང་རྒྱ་ནག་གི་དྲག་པོའི་དམག་དཔུང་བཏང་ནས་འཇིགས་བསྐུལ་བྱས་པ་སོགས་ཀྱི་དོན་རྐྱེན་མང་པོ་བྱུང་བ་རེད་། སྐབས་དེ་སྔ་རྗེས་སུ་དགེ་བཤེས་ངག་དབང་འཇམ་དབྱངས་ལགས་རྒྱ་ནག་གི་འཛིན་བཟུང་བྱས་རྗེས་ནང་མི་ལ་བརྡ་འབྱོར་བའི་ནང་དགེ་བཤེས་ལགས་ཀྱི་མགོ་ལ་ན་ཚ་ཞིག་ཕོགས་ནས་ཤི་སོང་ཞེས་བརྗོད་དེ་སེར་རའི་དུ་ཁྲོད་དུ་ཕུང་པོ་ཞིག་བྱ་སྦྱིན་བཏང་བ་དང་། སྐབས་དེ་ནས་བཟུང་དགེ་བཤེས་ངག་དབང་འཇམ་དབྱངས་ལགས་གར་སོང་ཆ་མེད་དུ་གྱུར་བ་རེད་། ་་་་་་་་སྒྲ་་་་་་་དགེ་བཤེས་ལགས་ཡོད་པའི་སྐབས་སུ་སྟར་མོས་དགོན་དུ་དགེ་འདུན་པ་བརྒྱ་ལ་ཉེ་བ་ཡོད་ཀྱང་ད་ལྟའི་འཆར་དགོན་པར་དགེ་འདུན་པ་དྲུག་བདུན་ཞིག་ལས་མི་འདུག། དགོན་པའི་ནང་དགེ་འདུན་པ་གསར་བ་འཛུལ་མི་ཆོག་པར་བཀག་འགོག་བྱས་ཡོད་པ་རེད། སྟར་མོས་དགོན་དགོན་པའི་གྲ་བ་ཁ་ཤས་ཤིག་ད་དུང་རྒྱ་ནག་གི་བཙོན་འོག་དུ་ཡོད་པ་རེད། ད་ལྟའི་འཆར་དགོན་པ་དང་དགེ་འདུན་པ་ཁ་ཤས་ལྷག་ཡོད་པ་དེིའི་གྲ་ཤག་གི་ནང་བཅས་སུ་རྒྱ་ནག་གི་བཙན་གྱིས་རྒྱའི་དབོན་རིགས་ཚོའི་འདྲ་པར་སྦྱར་བ་དང་དགོན་པའི་སྟེང་དུ་རྒྱ་ནག་གི་རྒྱལ་དར་བཙུགས་ནས་བཞག་ཡོད་པ་རེད། ད་དུང་དགོན་པའི་གཡས་གཡོན་དུ་རྒྱལ་ཁབ་ཀྱི་སྤྲོ་སྐྱིད་གཏོང་སའི་ཁོག་ཡུག་མང་པོ་ཞིག་འཛུགས་སྐྲུན་བྱས་ཡོད་པ་ལས་དགོན་པའི་བསླབ་པ་སློབ་གཉེར་གྱི་ཕྱོགས་སུ་དོ་སྣང་ཙམ་ཡང་བྱེད་གི་ཡོད་པ་མ་རེད། ད་ལྟ་ད་དུང་མུ་འཐད་དམ་དྲག་འོག་ཡོད་པ་རེད་ཅེས་བརྗོད་སོང་། དེ་དང་ཆབ་ཅིག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པར་གོང་བརྗོད་གནས་ཚུལ་སྐོར་ཕལ་ཆེ་བ་འབྱོར་ཡོད་ཀྱང་ད་ལྟའི་གནས་སྐབས་སྐོར་གསལ་བོར་ཤེས་རྟོག་བྱུང་མེད་པ་རེད་འདུག་། འདིས་སྐོར་ལ་ཉམས་ཞིབ་པ་པད་མ་རྒྱལ་ལགས་ཀྱི་བརྗོད་ན་་་་་སྒྲ་་་་་་ཁོང་གིས་བརྗོད་དོན་གཙོ་བོ་བོད་ཁམས་འབྲི་རུ་རྫོང་སྟར་མོས་དགོན་གྱི་དགེ་བཤེས་ངག་དབང་འཇམ་དབྱངས་གི་སྐོར་གྱི་གནས་ཚུལ་ཁག་ཅིག་དེ་སྔ་འབྱོར་ཡོད་ཀྱང་ད་ལྟའི་འཆར་དགོན་སྡེ་གཉིས་ལ་དམ་དྲག་གི་སྐོར་དང་རྒྱ་གཞུང་གི་དབོན་རིགས་ཚོའི་འདྲ་པར་དགོན་ཤག་གཉིས་སུ་སྦྱར་དགོས་བའི་གནས་སྟངས་འོག་ཡོད་པ་ཤེས་མེད་སྐོར་གསུང་སོང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG