ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

སི་རི་ཡ་དང་ཨ་རབ་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས།


སི་རི་ཡ་དང་ཨ་རབ་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས།
སི་རི་ཡ་དང་ཨ་རབ་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས།

སི་རི་ཡའི་གཞུང་གིས་ཧོ་མ་དང་ཧོམ་སི་གྲོང་ཁྱེར་གཉིས་གཙོ་བོར་གྱུར་པའི་སྲིད་གཞུང་ལ་ངོ་རྒོལ་ལངས་ཡུལ་ས་གནས་ཁག་གི་མི་མང་ལ་ཁྲག་དྲི་བྲོ་བའི་དྲག་གནོན་བྱེད་ཀྱི་ཡོད་པ་དང་། ཁ་རྩང་གཟའ་ཉི་མའི་ཉིན་ཨ་རབ་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཕྱི་འབྲེལ་མི་སྣ་ཚོ་ཁ་ཏར་རྒྱལ་ཁབ་ཀྱི་དྷོ་ཧ་གྲོང་ཁྱེར་དུ་ལྷན་འཛོམས་བྱས་ཏེ། ཁོང་ཚོས་སི་རི་ཡའི་གཞུང་གིས་མི་མང་གྱེན་ལོག་པ་ཚོར་དྲག་གནོན་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་ཞེས་སྐུལ་ལྕག་བཏང་བ་དང་། ཁ་ཏར་གྱི་ཕྱི་སྲིད་བློན་ཆེན་ཨལ་ཐ་ཎིས་སི་རི་ཡའི་ཕྱི་སྲིད་བློན་ཆེན་ལ་ལོགས་སུ་ཐུག་འཕྲད་གྲོས་མོལ་བྱས་པ་མ་ཟད། ཁོང་གིས་ཨ་རབ་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་བློ་ཚབས་དང་འཇིགས་སྣང་། ར་ཤི་ཡར་ཞི་བདེ་བརྟན་ལྷིང་མེད་པ་ས་གནས་དེའི་ཞི་བདེ་བརྟན་ལྷིང་ལའང་འབྲེལ་བ་ཅི་ཙམ་ཡོད་མེད་འགྲེལ་བཤད་བརྒྱབ་པ་ཡོད་པ་རེད།

XS
SM
MD
LG