ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༥/༠༤/༢༤

རྒྱ་ནག་ནང་ཕྱོགས་འགལ་གྱི་ལྟ་ཚུལ་གཉིས་སླེབས་བཞིན་ཡོད་པ།


རྒྱ་ནག་དང་ཉི་ཧོང་གཉིས་བར་དུ་མཚོ་གླིང་གི་བདག་དབང་གི་ཐད་རྩོད་གླེང་འགལ་ཟླ་ཛ་དྲག་ཇེ་ཆེར་འགྱུར་བཞིན་ཡོད་པ་ནི། རྒྱ་ནག་གི་ནང་དུ་མཚོ་གླིང་གི་བདག་དབང་དང་མཉམ་དུ་རྒྱལ་ཞེན་རིང་ལུགས་ཀྱི་འབོད་སྒྲ་བྱུང་སྟེ། རྒྱ་རིགས་མི་མང་གིས་རྒྱ་ནག་ནང་ཡོད་པའི་ཉི་ཧོང་མི་མང་ལ་དྲག་སྤྱོད་ལག་བསྟར་བྱེད་ཀྱི་ཡོད་པ་དང་རྒྱ་ནག་གི་གྲོང་ཁྱེར་སོ་སོར་དྲག་སྤྱོད་ཀྱི་ལས་འགུལ་གཞི་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད་པ་འདིར། རྒྱ་རིགས་ཤེས་ཡོན་ཅན་ཚོས་རྒྱ་ནག་མི་མང་གི་བསམ་བློ་དང་བྱ་སྤྱོད་ལ་ངོ་རྒོལ་བྱས་ཏེ། རྒྱ་ནག་ནང་མཚོ་གླིང་བདག་དབང་གི་རྩོད་གླེང་དང་མཉམ་དུ་ཕྱོགས་འགལ་གྱི་བསམ་བློ་གཉིས་འབྱུང་གིན་ཡོད་པ་རེད། དེ་བཞིན་དྲག་སྤྱོད་སྤེལ་བཞིན་པའི་གནད་དོན་འདི་ནི་མེས་རྒྱལ་ལ་དགའ་ཞེན་ཆེ་བའི་རྐྱེན་གྱིས་ཡིན་ལ་རྒྱ་ནག་གཞུང་གིས་འགྲེལ་བརྗོད་བྱེད་ཀྱིན་ཡོད་པ་སོགས་ཀྱི་སྐོར་ལ་ཚེ་རིང་སྐྱིད་ཀྱིས་ཕྱོགས་སྒྲིག་གིས་སྙན་སྒྲོན་ཞུ་གནང་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG