ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བླ་བྲང་དགོན་པའི་ཆོས་གྲྭའི་རྒྱབ་ལོགས་སུ་རང་སྲེག་ངོ་རྒོལ།


དེ་རིང་ཕྱི་ཟླ་༡༠་ཚེས་༢༢་ཀྱི་ཞོགས་པར་བོད་ཀྱི་མདོ་སྨད་ས་ཁུལ། བླ་བྲང་དགོན་པའི་ཆོས་རའི་རྒྱབ་ལོགས་སུ་རང་ལོ་༦༡་ལ་སོན་པའི་དོན་གྲུབ་ཟེར་པ་ཞིག་གིས་རང་ལུས་མེར་སྲེག་བཏང་སྟེ། ཁོང་གིས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་པའི་གནས་ཚུལ་ཐོན་ཞིང་། རང་སྲེག་ངོ་རྒོལ་བ་དོན་གྲུབ་ནི་བླ་བྲང་དགོན་པ་ནས་སྤྱི་ལེ་ལྔ་ཡས་མས་ཤིག་གི་མཚམས་སུ་ཡོད་པའི་ཧོར་ཁ་གྱ་སྡེ་བ་ནས་ཡིན་རུང་། དེང་སྐབས་ཁོང་གིས་བླ་བྲང་དགོན་པའི་ཉེ་འཁོར་གྱི་སྔགས་པ་སྡེ་བར་ཁང་པ་ཉོས་ནས་བསྡད་ཡོད་པ་དང་། དེ་རིང་གི་རང་སྲེག་ངོ་རྒོལ་བྱུང་བའི་རྗེས་སུ་རྒྱ་ནག་གཞུང་གིས་དཔོན་ཚང་སྲང་མགོ་དང་མཆོད་རྟེན་ས་སྒ་བཅས་བླ་བྲང་དགོན་པའི་སྟོད་སྨད་གཉིས་སུ་དམག་དང་དྲག་ཉེན་རྟོག་པ་བཀྲམ་ནས་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ད་དུང་བླ་བྲང་དགོན་པའི་ནང་ལོགས་སུའང་རྒྱ་གཞུང་གི་དམག་དང་དྲག་ཆས་ཉེན་རྟོག་པ་བཀྲམ་ཡོད་པ་མ་ཟད། ད་ལྟ་དགོན་པའི་གྲྭ་དམངས་དང་མི་མང་སྐོར་ར་འགྲོ་མཁན་ཚོས་འདས་པོ་དོན་གྲུབ་ཀྱིས་རང་སྲེག་ངོ་རྒོལ་བྱེད་ཡུལ་དེར་ཁ་བཏགས་འཐེན་པ་དང་མཆོད་མེ་སྒྲོན་པ། སྨོན་ལམ་འདོན་པ་སོགས་མཆོད་འབུལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་གནས་ཚུལ་འབྱོར་པར་གཞིགས་ན། ད་ནངས་ཀྱི་དོན་རྐྱེན་བྱུང་བའི་སྐབས་སུ་དགོན་པར་མཆོད་མཇལ་དང་སྐོར་ར་འགྲོ་མཁན་ཚོས་དོན་གྲུབ་ཀྱི་ཕུང་པོ་མཐའ་བསྐོར་ཏེ། ཁོང་ཚོས་ཉེན་རྟོག་པར་དོན་གྲུབ་ཀྱི་ཕུང་པོ་འཁྱེར་དུ་མི་འཇུག་པའི་སྲུང་སྐྱོབ་བྱས་ཀྱང་། བླ་བྲང་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་སྣེ་ཚོས་མི་མང་གི་ལག་ནས་དོན་གྲུབ་ཀྱི་ཕུང་པོ་བླངས་ཏེ་སྨན་ཁང་དུ་འཁྱེར་ཀྱང་ཁོང་ལ་འཚིག་སྐྱོན་ཐེབས་རྒྱུ་མང་དྲགས་ཏེ་སྲོག་སྐྱོབ་མ་ཐུབ་པར་འདས་གྲོངས་སུ་གྱུར་པ་དང་། རང་སྲེག་ངོ་རྒོལ་བ་དོན་གྲུབ་ཀྱི་ཤུལ་དེར་ཆུང་མ་སྒྲོལ་མ་འཚོ་དང་བུ་རིག་འཛིན་ཆོས་འཕེལ། མནའ་མ་སྒྲོལ་མ་དང་ཚ་བོ་སྟོབས་ལྡན་བཅས་བཟའ་མི་བཞི་ལྷག་ཡོད་པ་རེད། ཐོག་མར་ཕྱི་ལོ་༢༠༠༩་ལོར་རྔ་བའི་བཀྲ་བྷེས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་ནས་བཟུང་། ད་བར་མདོ་དབུས་ཁམས་གསུམ་གྱི་གངས་ཅན་པ་༥༧་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་པ་དང་། ཕྱི་ཟླ་༡༠་འགོ་ཚུགས་ནས་ད་ལྟ་བར་དུ་བོད་པ་ལྔས་རང་ལུས་མེར་སྲེག་བཏང་སྟེ། ཁོང་ཚོས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་ལ་ཆིབས་སྒྱུར་གནང་དུ་འཇུག་དགོས་པ་དང་། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་ལ་རང་དབང་དགོས་ཞེས་སྐད་འབོད་བྱས་ནས་རང་སྲེག་ངོ་རྒོལ་བྱས་ཡོད་པ་སྟེ། ཕྱི་ཟླ་༡༠་ཚེས་༤་ཉིན་དགུ་གྲུབ་འབྲི་རུ་རྫོང་དུ་རང་སྲེག་ངོ་རྒོལ་བྱས་པ་དང་། ཚེས་༦་ཉིན་རྡོ་དཀར་བ་སངས་རྒྱས་རྒྱ་མཚོ་དང་ཕྱི་ཚེས་༡༣་ཉིན་གུང་ཐང་རིན་པོ་ཆེའི་མེས་པོ་རྟ་མགྲིན་རྡོ་རྗེ། ཕྱི་ཚེས་༢༠་ཉིན་འབོ་ར་བ་ལྷ་མོ་སྐྱབས་དང་། དེ་རིང་ཕྱི་ཚེས་༢༢་ཉིན་ཧོར་ཁ་གྱ་བ་དོན་གྲུབ་བཅས་བོད་པ་ལྔས་རྗེས་སུ་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཀུན་གླེང་བརྙན་འཕྲིན་ཐད་གཏོང་།

ཀུན་གླེང་། ༢༠༢༤ ལོའི་ཟླ་༣ ཚེས་༢༩
please wait

No live streaming currently available

0:00 0:00 Live
XS
SM
MD
LG