ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ལེ་བྷ་ནན་གྱི་འབར་གས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རོགས་སྐྱོར།


༄༅།། བདུན་ཕྲག་འདིར་དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་ལེ་བྷ་ནན་གྱི་རྒྱལ་ས་བྷེ་རུ་ཊི་གྲོང་ཁྱེར་གྱི་གྲུ་ཁ་ཞིག་ལ་འབར་གས་ཚབས་ཆེན་ཞིག་བྱུང་སྟེ་མི་༡༣༠་ལྷག་བསད་པ་དང་མི་སྟོང་ཕྲག་གཅིག་ལྷག་ལ་རྨས་སྐྱོན་ཕོག ད་ལྟ་ལེ་བྷ་ནན་གྱི་མི་མང་གིས་ཁོང་ཁྲོ་ཆེན་པོས་སྲིད་གཞུང་ལ་ངོ་རྒོལ་བྱས་ནས་གསར་བརྗེ་སློང་དགོས་ཞེས་སྐད་འབོད་བྱེད་ཀྱི་ཡོད་ཅིང་། རྒྱལ་ཁབ་དེའི་ཉེན་རྟོག་པ་དང་མི་མང་ངོ་རྒོལ་བ་རྣམས་རྒོལ་འཛིང་ཐུག་གི་ཡོད་པ་སོགས་ཀྱི་སྐོར། ཝི་ཨོ་ཨེ་ཨ་རིའི་རྒྱང་སྲིང་རླུང་འཕྲིན་ཁང་གིས་སྤེལ་བའི་གནས་ཚུལ་དེ་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG