ལོ་ངོ་༢༩ཡི་ཡར་སྔོན་ལ། སྐབས་དེའི་ལྷོ་ཀོ་རི་ཡའི་སྲིད་འཛིན་འབར་མའི་ནང་དུ་ཕེབས་པའི་སྐབས། བྱང་ཀོ་རི་ཡས་གཏོར་རྒོལ་བཏང་སྟེ་མི་༢༡་རྐྱེན་འདས་སུ་གྱུར་ཡོད་པ་རེད། དེ་རིང་ལྷོ་ཀོ་རི་ཡའི་སྲིད་འཛིན་འབར་མའི་ནང་དུ་གཟིགས་ཞིབ་ཏུ་ཕེབས་བཞིན་པའི་སྐབས་བདེ་སྲུང་གི་ཐད་དོ་ནན་ཆེན་པོ་བྱེད་ཀྱི་ཡོད་པ་དང་། འདི་ནི་ལོ་ངོ་༢༩རྗེས་ཀྱི་ལྷོ་ཀོ་རི་ཡའི་སྲིད་འཛིན་འབར་མའི་ནང་གཟིགས་ཞིབ་ལ་ཕེབས་ཐེངས་དང་པོ་དེ་ཆགས་ཡོད་འདུག འདིའི་སྐོར་ལ་ཚེ་རིང་སྐྱིད་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུ་གནང་གི་རེད།