ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ལྷ་སར་དམར་གསོད་དང་ཕྱིར་འབུད་བཏང་བ།


བོད་མདོ་སྨད་ཐེ་བོ་ནས་ཡིན་པའི་དགེ་འདུན་པ་ཞིག་ལྷ་སར་ཆོས་མཇལ་དུ་བསྐྱོད་པའི་སྐབས། ཉེན་རྟོག་པ་དང་ཁ་རྩོད་ཤོར་བ་དང་ ཉེན་རྟོག་པས་དགེ་འདུན་པ་དེར་མེ་མདའ་བརྒྱབ་ཏེ་དམར་གསོད་བཏང་ཡོད་འདུག་ལ། ལྷ་སར་ཆོས་མཇལ་དུ་བསྐྱོད་མཁན་བོད་མི་ཁག་ཅིག་ལྷ་སར་འབྱོར་ཡང་། ལྷ་སའི་ཇོ་བོ་རིན་པོ་ཆེ་མཇལ་རྒྱུ་མ་རག་པར་ཐད་ཀར་བཀག་ཉར་བྱས་ཏེ་ལྷ་ས་ནས་ཕྱིར་སའབུད་བཏང་འདུག་པ་སོགས། ལྷ་སར་དམིགས་བསལ་མདོ་སྟོད་སྨད་ཁུལ་གྱི་བོད་མི་ཚོར་དམ་དྲག་དང་བཀག་སྡོམ་བྱེད་ཀྱིན་པའི་ཐད་ལ་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།

XS
SM
MD
LG