ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

བོད་ཁྱིམ་སློབ་གྲྭ་ཁག་སྔར་ལྟར་མགོ་འཛུགས།


༄༅།། འདས་པའི་ལོ་གཉིས་ཡས་མས་ཤིག་གི་རིང་དུ་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་དཀའ་ངལ་ཆེན་པོ་ཕྲད་ཡོད་པ་ལྟར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་སློབ་གྲྭ་ཁག་ཀྱང་དངོས་སུ་ཚུགས་མ་ཐུབ་པར་བོད་ཁྱིམ་སློབ་གྲྭའི་ཁྱིམ་ཚང་ཁག་གིས་དྲྭ་ལམ་དུ་སློབ་ཁྲིད་བྱེད་དགོས་བྱུང་ཞིང་། འོན་ཀྱང་ད་ལྟ་རྒྱ་གར་ལ་ཏོག་དབྱིབས་ནད་དུག་འཇོམས་ཀྱི་ཡོད་པས་རྒྱ་གར་གཞུང་དང་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་འོག་ཕྱི་ཟླ་༣་པའི་ཚེས་༡༥་ནས་བོད་ཁྱིམ་སློབ་གྲྭ་ཁག་སྔར་བཞིན་འཛིན་གྲྭའི་ནང་དུ་སློབ་ཚན་ཁྲིད་མགོ་ཚུགས་འདུག

སློབ་གྲྭ་སོ་སོས་ནད་་དུག་སྔོན་འགོག་གི་བྱེད་སྒོ་ཁག་གྲ་སྒྲིག་བྱེད་ཡོད་པར་མ་ཟད། ཧི་མ་ཅལ་མངའ་སྡེའི་གཞུང་གི་ལམ་སྟོན་ལྟར་ཕྱི་ཟླ་༢་པའི་ཚེས་༡༧་ནས་ཤེས་ཡོན་བསྟི་གནས་ཁག་སྒོ་འབྱེད་ཆོག་པའི་གསལ་བསྒྲགས་སྤེལ། བོད་ཁྱིམ་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་དང་མ་སུ་རི་བོད་ཁྱིམ། སཾ་བྷོ་ཊ་གཏན་སློབ་རྣམས་ཀྱང་སྔར་བཞིན་འཛིན་གྲྭ་འཚོགས་ཀྱི་ཡོད་པའི་གནས་ཚུལ་ཐོན། སློབ་ཕྲུག་ཁག་ཅིག་ལ་སློབ་གྲྭ་དངོས་སུ་མགོ་ཚུགས་པར་དགའ་སྣང་བྱུང་བའི་རྣམ་འགྱུར་མངོན། འདས་པའི་ལོ་གཉིས་ཙམ་གྱི་རིང་སློབ་སྦྱོང་བྱ་རྒྱུར་དཀའ་ངལ་བྱུང་ཡོད་པས་དུས་ཚོད་དམ་འཛིན་གྱིས་སློབ་སྦྱོང་ལ་སྔར་ལས་ལྷག་པའི་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བཤད་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG