ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱལ་སྤྱིས་རག་དུག་གི་ན་ཚ་བཅོས་ཐབས་ཀྱི་ཐད་ཚོགས་ཆེན་ཐེངས་༡༨་པ་ཚོགས་པ།


རྒྱལ་སྤྱིས་རག་དུག་གི་ན་ཚ་བཅོས་ཐབས་ཀྱི་ཐད་ཚོགས་ཆེན་ཐེངས་༡༨་པ་ཚོགས་པ།

རྒྱལ་སྤྱིའི་རག་དུག་གི་ན་ཚ་བཅོས་ཐབས་དང་སྔོན་འགོག་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཨོ་སི་ཊེ་རེ་ཡའི་རྒྱལ་ས་ཝི་ཡ་ཎ་གྲོང་ཁྱེར་དུ་ཚོགས་ཡོད་པ་དང༌། ད་ལོའི་ཚོགས་ཆེན་ཐོག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རག་དུག་ཕོག་པའི་ནད་པ་ཚོར་སྨན་བཅོས་ཀྱི་མཐུན་རྐྱེན་ཡར་རྒྱས་དང་འགོས་ནད་དེ་སྔོན་འགོག་བྱེད་ཐབས་སྟབས་ཇེ་བདེར་བཏང་སྟེ། ཡོ་རོབ་ཀྱི་རོལ་དབྱངས་ཚོགས་པ་ཞིག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐག་གཅོད་དེར་དགའ་བསུ་ཞུས་ཡོད་པ་དང༌། འདས་པའི་གཟའ་མཇུག་ཏུ་རོལ་དབྱངས་དཀྲོལ་ཚོགས་དེར་ཨ་རིའི་སྲིད་འཛིན་ཟུར་པ་ཁེ་ལིན་ཀྲོན་དང་ཇར་མ་ཎིའི་རྩེད་མོ་མཁས་པ་བྷོ་རི་སི་བྷེ་ཁར་བཅས་མཉམ་ཞུགས་བྱས་པ་མ་ཟད། ཁོང་ཚོས་རག་དུག་གི་ན་ཚ་སྔོན་འགོག་དང་སྨན་བཅོས་ཀྱི་འགྲོ་གྲོན་ཆེད་དུ་ཨ་སྒོར་ས་ཡ་གཅིག་ལྷག་འདུ་འགོད་བྱེད་ཐུབ་ཡོད་པ་དང༌། འདས་པའི་གཟའ་མཇུག་དེའི་རོལ་དབྱངས་དཀྲོལ་ཚོགས་དེར་མཉམ་ཞུགས་བྱས་པའི་ལྟད་མོ་བ་ཚོས་རང་ལུས་ལ་མཚོན་མདོག་སྣ་ཚོགས་ཀྱི་རི་མོ་བྲིས་ནས་དམར་ཧྲིང་བར་བྲོ་འཁྲབ་པའམ། ཡང་ན་ཁོང་ཚོས་རང་ལུས་ལ་ཤིང་ལོ་གྱོན་པ་དང་སྐྲ་ལ་མེ་ཏོག་དང་ལོ་མ་སོགས་ཀྱི་ལྷས་མ་བསླས་ནས་དགའ་སྟོན་ལ་རོལ་པ་དང༌། ཕྱི་ལོ་༢༠༡༠་ཡི་ཚོགས་ཆེན་དེར་རག་དུག་གི་ནད་པ་ཁྲི་ཚོ་གཉིས་ལྷག་མཉམ་ཞུགས་བྱས་ཡོད་པ་རེད།

XS
SM
MD
LG