ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༣/༠༣/༣༠

ཨེ་ཝེ་ཝེ་གློད་བཀྲོལ་ཐོབ་ཡོད་ཀྱང་པེ་ཅིང་ནས་ཕྱིར་ཐོན་ཆོག་གི་མེད་པ།


ཨེ་ཝེ་ཝེ་གློད་བཀྲོལ་ཐོབ་ཡོད་ཀྱང་པེ་ཅིང་ནས་ཕྱིར་ཐོན་ཆོག་གི་མེད་པ།

འཛམ་གླིང་ནང་སྐད་གྲགས་ཡོད་པའི་རྒྱ་མི་སྒྱུ་རྩལ་བ་ཨེ་ཝེ་ཝེ་ཟླ་བ་གསུམ་ཙམ་རིང་བཀག་ཉར་འོག་ཚུད་པའི་རྗེས་དངུལ་གྱི་གཏའ་མ་སྤྲད་དེ་གློད་བཀྲོལ་ཐོབ་ཡོད་ཅིང་། འོན་ཀྱང་གློད་བཀོལ་ཐོབ་པའི་ཉིན་དང་པོར་ཁོང་གིས་གསར་འགོད་པར་བཙོན་འཇུག་དང་འབྲེལ་བ་ཡོད་པའི་སྐད་ཆ་རྩ་བ་ནས་བཤད་མེད་པ་མ་ཟད་གསར་འགོད་པའི་གནས་འདྲི་དང་ལེན་བྱེད་མི་ཐུབ་ཚུལ་བཤད་ཡོད་པ་བཅས་། རྒྱལ་སྤྱིའི་གསར་ལམ་ནང་ཐོན་པའི་གནས་ཚུལ་ཞིབ་ཕྲ་བསོད་ནམས་གཡང་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG