ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

བོད་བཙན་བཟུང་རྗེས་སུ་ལ་དྭགས་སོགས་རིམ་བཞིན་བཙན་འཛིན་བྱ་རྒྱུ།


༄༅།། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལ་རྒྱ་གར་གྱི་གསར་འགྱུར་ལས་ཁང་ཁག་གིས་བོད་ཀྱི་ས་མཚམས་སུ་རྒྱ་དཀར་ནག་གི་དམག་མི་རྣམས་འཁྲུག་རྩོད་འབྱུང་གི་ཡོད་པ་སོགས་ལ་བཅར་འདྲི་ཞུས་ཡོད་ཅིང་། སྲིད་སྐྱོང་གིས་སྔོན་ཆད་རྒྱ་ནག་གི་འགོ་ཁྲིད་མའོ་ཙེ་ཏུང་གིས་བོད་ནི་ལག་པ་ལྟ་བུ་ཞིག་རེད། བལ་ཡུལ་དང་ལ་དྭགས། འབྲས་ལྗོངས་དང་མོན་ཡུལ། འབྲུག་ཡུལ་བཅས་ནི་ལག་པའི་མཛུབ་མོ་ལྔ་རེད། རྒྱ་ནག་གིས་བོད་བཙན་བཟུང་བྱས་པའི་རྗེས་སུ་མཛུབ་མོ་ལྟ་བུའི་ས་གནས་ཁག་རིམ་བཞིན་བཙན་འཛིན་བྱ་རྒྱུ་ཡིན་ཞེས་བཤད་མྱོང་ཡོད་པ་རེད། དེང་སྐབས་ལ་དྭགས་དང་བལ་ཡུལ་ལ་འབྱུང་བཞིན་པའི་གནས་ཚུལ་དེ་དག་གིས་རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་བྱུས་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་ཡོད་པའི་རྣམ་པ་གསལ་པོར་མཚོན་གྱི་འདུག དེར་བརྟེན་བལ་ཡུལ་གཞུང་གིས་ཡིད་གཟབ་བྱ་དགོས་ཞེས་གསུངས་པ་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG