ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་ནག་ལ་ཟུར་ཁྲིད་སློབ་གྲྭ་སྒོ་བརྒྱབ་སྟེ་ནག་ཚོང་ཁྲོམ་རའི་དགེ་རྒན་ཇེ་མང་།


༄༅།། རྒྱ་ནག་གཞུང་གིས་སྒེར་གཉེར་ཟུར་ཁྲིད་སློབ་གྲྭ་རྣམས་སྒོ་བརྒྱབ་ཀྱང་ཕ་མ་ཚོས་རང་གི་བུ་ཕྲུག་ལ་ཤེས་ཡོན་སློབ་སྦྱོང་ཡག་པོ་ཞིག་སྤྲོད་ཐབས་སུ་ཁྲིམས་འགལ་དུ་ཚུགས་པའི་ནག་ཚོང་ཁྲོམ་རའི་དགེ་རྒན་བསྟེན་རྒྱུའི་ལམ་སྲོལ་ཞིག་དར་གྱི་ཡོད་ཅིང་། ད་ལོའི་ཕྱི་ཟླ་༧་པ་ནས་རྒྱ་ནག་གཞུང་གིས་སྒེར་གཉེར་ཟུར་ཁྲིད་སློབ་གྲྭ་ཚུགས་མི་ཆོག་པའི་ཐག་གཅོད་བྱས་ཀྱང་ཕ་མ་ཚོས་སྲིད་གཞུང་གི་གཏན་འབེབས་སྲིད་ཇུས་ལ་བརྩི་མེད་བཏང་སྟེ་བུ་ཕྲུག་ལ་ནག་ཚོང་ཁྲོམ་རའི་དགེ་རྒན་མུ་མཐུད་དུ་བསྟེན་གྱི་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཞིག་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་གནང་གི་རེད།།


XS
SM
MD
LG