ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་སྤེན་པ། ༢༠༢༦/༠༢/༠༧
བོད།
ཟླ་བ་བཞིའི་རྗེས་སུ་པ་ཏ་ལ་མང་ཚོགས་ལ་སྒོ་ཕྱེ་པ།
༠༤།༠༦།༢༠༢༠
ཟླ་བ་བཞིའི་རྗེས་སུ་པ་ཏ་ལ་མང་ཚོགས་ལ་སྒོ་ཕྱེ་པ།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
༄༅།། རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་སྔོན་འགོག་ཆེད་དུ་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལ་དུས་ཡུན་ཟླ་བ་བཞི་ལྷག་སྒོ་བརྒྱབ། དེ་རིང་ཕྱི་ཟླ་༦་པའི་ཚེས་༣་ཉིན་མང་ཚོགས་ལ་སླར་ཡང་ཆོས་སྒོ་ཕྱེ། ད་ནངས་ཞོགས་པ་སྔ་པོ་ནས་པོ་ཏ་ལ་མཇལ་སྐོར་དུ་ཡོང་བའི་རྒྱ་མི་ཡུལ་སྐོར་བ་བརྒྱ་ཕྲག་མང་པོས་ཁ་རས་མ་བརྒྱབ་པར་ཕོ་བྲང་པོ་ཏ་ལའི་མདུན་ཐང་དུ་ཚང་ཁ་བརྒྱབ་ནས་བསྡད་པའི་རྙན་ཐུང་ཞིག་དྲྭ་ལམ་དུ་ཐོན་འདུག ཁ་སང་ཕོ་བྲང་པོ་ཏ་ལའི་དོ་དམ་ཁང་གིས་བརྡ་ཐོ་ཞིག་སྤེལ་བ་དེར་འཁོད་པ་ལྟར་ན། རྒྱལ་ནང་གི་ནད་ཡམས་གནས་ཚུལ་ཇེ་ལེགས་སུ་འགྲོ་བཞིན་པ་དང་གྲོང་མིའི་འཚོ་བ་ཡང་རྒྱུན་ལྡན་ཅན་དུ་འགྱུར་བཞིན་ཡོད་ཅིང་། ད་ཆ་གོང་རིམ་ནས་ཆོག་མཆན་ཐོབ་པ་ལྟར་ཕྱི་ཚེས་༣་ནས་ཕོ་བྲང་པོ་ཏ་ལ་སྒོ་འབྱེད་རྒྱུ་ཡིན། དྲྭ་ལམ་ནས་པ་སེར་མངགས་ཉོ་བྱ་དགོས་ཞེས་བཀོད་ཡོད་པར་མ་ཟད། ཕོ་བྲང་པོ་ཏ་ལའི་དྲྭ་ཚིགས་དང་པོ་ཏ་ལའི་སྐད་འཕྲིན་གཉིས་སུའང་པ་སེ་ཉོ་ཕྱོགས་ནི་ཉི་མ་གཅིག་གི་སྔོན་ནས་པོ་ཏ་ལའི་སྐད་འཕྲིན་དང་དྲྭ་ཚིགས་བརྒྱུད་ནས་པ་སེ་ཉོ་དགོས། པ་སིའི་གྲངས་ཚད་ངེས་ཅན་ཡིན་ཞེས་བཀོད་ཡོད་པ་མིང་འདོན་བྱེད་འདོད་མེད་པའི་ས་གནས་དེའི་འབྲེལ་ཡོད་མི་སྣ་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱུང་འདུག
གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བརྗོད་པ་ལྟར་ན། དྲྭ་ལམ་དུ་པ་སེ་ཉོ་བ་དང་མི་གྲངས་ཚད་བཀག་བྱེད་ཡོད་པ་ནི་གནས་ཚུལ་གསར་པ་གང་ཡང་མ་རེད། སྔོན་མ་ནས་དེ་འདྲ་རེད། མི་གྲངས་ཚད་གཞི་བཟོ་དགོས་དོན་ནི་ཕོ་བྲང་ཤར་ལ་སེར་ཁ་ཆེན་པོ་ཞིག་ཡོད་པ་དང་བོད་པ་ཡིན་ན་མཆོད་མཇལ་ཞུས་ཏེ་ཤར་རྒྱག་ལོག་འགྲོ་ཡི་རེད། རྒྱ་མི་ཡུལ་སྐོར་བ་སྟོང་ཕྲག་མང་པོ་ཕུང་གསོག་བརྒྱབ་སྟེ་ལངས་ནས་པར་རྒྱག་གི་ཡོད་པས་ཉེན་ཁ་ཡོད་པ་རེད། དེ་གསང་བ་བྱེད་ཀྱི་ཡོད་པ་རེད། དེ་རིང་པོ་ཏ་ལར་རྒྱ་མི་ཡུལ་སྐོར་བ་ཧ་ཅང་པོ་འགྲོ་ཡི་ཡོད་ཀྱང་བོད་པ་ཡིན་ན་སྲིད་གཞུང་གི་ལས་བྱེད་པ་དང་། ཐ་ན་ལྷ་ས་གྲོང་ཁྱེར་དུ་ཚོང་རྒྱག་མཁན་ཚུན་ཆད་ཀྱང་མཆོད་མཇལ་ལ་འགྲོ་ཆོག་གི་ཡོད་པ་མ་རེད་ཅེས་བཤད།
དེ་རིང་ཕོ་བྲང་པོ་ཏ་ལའི་མདུན་ཐང་དུ་རྒྱ་མི་ཡུལ་སྐོར་བ་བརྒྱ་ཕྲག་མང་པོས་ཁ་རས་མ་བརྒྱབ་པར་ཚང་ཁ་བརྒྱབ་ནས་བསྡད་ཡོད་པའི་བརྙན་ཐུང་དེར་བོད་ཀྱི་རྩོམ་པ་པོ་གྲགས་ཅན་ཚེ་རིང་འོད་ཟེར་གྱི་ངོ་དེབ་ཏུ་ཁ་རས་མ་བརྒྱབ་པར་ཡུལ་སྐོར་བ་དེ་འདྲ་མང་པོ་ཞིག་ས་གནས་གཅིག་ལ་བསྡད་འདུག ཏོག་དབྱིབས་ནད་དུག་འཇོམས་པ་རེད་ཅེས་སུས་བཤད་པ་རེད་དམ། གལ་སྲིད་སླར་ཡང་ཀྲང་མིང་ཅན་གྱི་ནད་པ་གཞན་ཞིག་བྱུང་ན་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པའི་སྨན་པ་དང་སྨན་ཞབས་༡༥༠་ལྷག་གིས་མི་གཅིག་ལ་སྨན་བཅོས་བྱ་རྒྱུ་ཡིན་ནམ་ཞེས་བྲིས་འདུག
རྒྱ་ནག་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་སླད་རྒྱ་ནག་གཞུང་གིས་ཕོ་བྲང་པོ་ཏ་དང་གཙུག་ལག་ཁང་། གདན་ས་སེ་འབྲས་དགེ་གསུམ་སོགས་ཀྱིས་མཚོན་པའི་ལྷ་སའི་ཉེ་ཁུལ་དགོན་སྡེ་ཁག་ལོ་འདིའི་ཕྱི་ཟླ་༡་ཚེས་༢༧་ཉིན་ནས་སྒོ་བརྒྱབ། ལྷ་སའི་གཙུག་ལག་ཁང་མ་གཏོགས་དགོན་སྡེ་གཞན་རྣམས་ཉེ་ཆར་ཕྱི་ཟླ་༥་ཚེས་༢༠་ནས་སྒོ་ཕྱེ། འོན་ཀྱང་ཕྱི་ཟླ་༤་ཚེས་༡༤་ཉིན་བསམ་ཡས་དགོན་པ་དང་ལྷོ་ཁ་སྣེ་གདོང་རྫོང་ཁོངས་སུ་ཆགས་པའི་བཀའ་བརྒྱུད་པའི་ཆོས་སྡེ་ཆེན་པོ་གཡང་བཟང་དགོན་པ་གཉིས་ནད་ཡམས་སྔོན་འགོག་ཆེད་དུ་ཡིན་ཞེས་རྒྱ་གཞུང་གིས་གློ་བུར་དུ་སྒོ་བརྒྱབ་ཡོད་པ་སོགས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།
Embed
share
ཟླ་བ་བཞིའི་རྗེས་སུ་པ་ཏ་ལ་མང་ཚོགས་ལ་སྒོ་ཕྱེ་པ།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:03:43
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
128 kbps | MP3
32 kbps | MP3
གསན་གཟིགས་གནང་ས།
འབྲེལ་ཡོད།
༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་སེམས་བསྐྱེད་ཆོ་ག་གནང་བ།
ས་མཐོར་གནས་པའི་མི་ཚོར་ཏོག་དབྱིབས་ནད་དུག་གི་ཉེན་ཁ་ཆུང་སྐད།
༧གོང་ས་མཆོག་གིས་སེམས་བསྐྱེད་ཀྱི་སྡོམ་པ་གནང་འཆར།
XS
SM
MD
LG