ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་གློག་བརྙན་བཟོ་ཚོང་ཁང་ཞིག་ལ་རྒྱ་ནག་གི་ནང་གློག་བརྙན་བཟོས་པར་སྐྱོན་བརྗོད་ཕོག་པ།


རྒྱ་ནག་གི་ཤར་ཕྱོགས་གྲོང་ཁྱེར་ལིན་ཡི་ཟེར་བའི་ནང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ལོང་བ་ཞིག་གཞུང་གིས་རང་ཁྱིམ་དུ་དོ་དམ་བཀག་ཉར་བྱས་པ་མ་ཟད་ ཉེས་བརྡུང་བཏང་བ་སོགས་དཀའ་ངལ་གྱི་གནས་སྟངས་འོག་ཡོད་པའི་སྐོར་གནས་ཚུལ་ཐོན་དང་ཐོན་བཞིན་པའི་སྐབས་འདིར་ ཨ་མི་རི་ཀའི་གློག་བརྙན་བཟོ་ཚོང་ཁང་ཞིག་གིས་རྒྱ་ནག་གི་གྲོང་ཁྱེར་དེའི་ནང་གློག་བརྙན་ཞིག་བཟོ་འགོ་བཙུགས་ཡོད་པར་ འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་སྐྱོན་བརྗོད་ཤུགས་ཆེ་བྱེད་ཀྱི་ཡོད་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG