ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཤཱིང་ཟོ་ཨ་བྷེའི་སོག་ཡུལ་གྱི་འཚམས་འདྲི།


གཟའ་མཇུག་དེར་ཉི་ཧོང་གི་སྲིད་བློན་ཤཱིང་ཟོ་ཨ་བྷེ་སོག་ཡུལ་ལ་འཚམས་འདྲིར་ཕེབས་ཏེ། ཁོང་གིས་སོག་ཡུལ་གྱི་སྲིད་བློན་ལ་ཐུག་བྱས་ནས་སོག་ཡུལ་གྱི་རྡོ་སོལ་སྔོག་འདོན་དང་རང་བྱུང་སོལ་རླངས་འཚོལ་ཞིབ། ཉི་ཧོང་གི་བཟོ་ཚོང་ལས་ཁང་ཁག་གིས་སོག་ཡུལ་ལ་མ་རྩ་བཙུགས་ནས་ཕྱོགས་གཉིས་ཀྱི་ཚོང་ལས་ཡར་རྒྱས་གཏོང་ཐབས་དང་། ཉེ་དུས་ཤིག་ནས་རྒྱ་ནག་དང་ཉི་ཧོང་གི་འབྲེལ་བ་གླིང་ཕྲན་འགའ་ཞིག་གི་བདག་དབང་བརྩད་ནས་སྡུག་ཏུ་སོང་ཡོད་པས། སོག་པོའི་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཉི་ཧོང་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་དགོས་པའི་སྐུལ་ལྕག་བཏང་བ་མ་ཟད། བྱང་ཀོ་རི་ཡས་འཁྲུག་རྩོད་བསླངས་ནས་ཨེ་ཤི་ཡར་ཞི་བདེ་བརྟན་ལྷིང་མེད་པར་འགྱུར་སྲིད་པའི་ཉེན་ཀ་བཅས་ལ་གྲོས་བསྡུར་ལྷུག་པོ་བྱས་ཡོད་པ་སྟེ། སྲིད་བློན་ཨ་བྷེས་ང་ལ་ཉི་ཧོང་དང་སོག་ཡུལ་གྱི་འབྲེལ་བར་ལེའུ་གསར་པ་ཞིག་སྒོ་འབྱེད་བྱ་རྒྱུའི་འདོད་པ་ཡོད། སོག་ཡུལ་དང་ཉི་ཧོང་གཉིས་འཐབ་ཇུས་དང་ཚོང་ལས་མཉམ་འབྲེལ་བྱས་ན་ཁེ་ཕན་ཡོད་པ་ང་ཚོས་ངོས་ཟིན་དགོས་པ་དང་། གཟའ་འཁོར་འདིར་ཉི་ཧོང་དང་སོག་ཡུལ་གཉིས་ཀྱིས་རང་དབང་ཚོང་ལས་ཀྱི་གྲོས་མཐུན་ཞིག་འཇོག་པར་གྲོས་མོལ་ཐེངས་གསུམ་པ་བྱེད་ཐུབ་པའི་འབོད་བརྩོན་བྱེད་རྒྱུ་ཡིན་ཞེས་བཤད་ཡོད་ཅིང་། སོག་ཡུལ་གྱི་སྲིད་བློན་གྱིས་ཀྱང་ཉི་ཧོང་དང་སོག་ཡུལ་གཉིས་ཚོང་ལས་དང་དཔལ་འབྱོར་མཉམ་འབྲེལ་བྱས་ན་དགེ་མཚན་ཆེན་པོ་ཡོད་པ་དང་། ཉི་ཧོང་གི་བཟོ་ཚོང་ལས་ཁང་ཁག་གིས་སོག་ཡུལ་ལ་མ་རྩ་བཙུགས་ནས་ཚོང་ལས་ཡར་རྒྱས་གཏོང་བའི་རེ་བ་ཡོད་པ་ཅེས་ལན་འདེབས་བྱས་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG