བོད་ཀྱི་ན་གཞོན་གློག་བརྙན་ཆེད་སྦྱོང་སློབ་གཉེར་བ་བསྟན་འཛིན་རབ་གསལ་གྱིས་བཟོས་པའི་གདོན་འདྲེ་ཞེས་པའི་གློག་བརྙན་ཐུང་གྲས་ཏེ། མིང་བྱང་ལ་༡༣༠་ཟེར་བ་དེར་རྒྱལ་སྤྱིའི་གློག་བརྙན་ཐུང་གྲས་ཀྱི་བྱ་དགའ་རིགས་བཞི་ཐོབ་ཡོད་པ་རེད། བསྟན་འཛིན་རབ་གསལ་གྱིས་གློག་བརྙན་འདིའི་སྐོར་དང་། ཁོང་གི་གློག་བརྙན་ཆེད་སྦྱོང་སློབ་གཉེར་སོགས་ལ་འདི་ག་རླུང་འཕྲིན་ཁང་དུ་འགྲེལ་བརྗོད་གནང་ཡོད་པའི་སྐོར། ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།